ཀྲུང་གོ་སྲིད་འཛིན་བཅོས་བསྒྱུར་གླེང་སྟེགས་སྐབས་བཞི་བ་པེ་ཅིན་ནས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས14ཉིན། ཀྲུང་གོ་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་པའི་སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ་དང་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པ་ཞེས་པ་ནང་དོན་གཙོ་བོ་ཡིན་པའི་ཀྲུང་གོ་སྲིད་འཛིན་བཅོས་བསྒྱུར་གླེང་སྟེགས་སྐབས་བཞི་བ་པེ་ཅིན་ནས་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཁྲིན་སི་ཝེ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།
གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཁྲིན་སི་ཝེ་ཡིས་ཁ་ཡིག་ལ་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་དགོས་ཞེས་པའི་གཏམ་བཤད། ཁོས་སྲིད་གཞུང་གིས་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ན། ཁྲིམས་ལྟར་སྲིད་འཛིན་པ་དང་སྲིད་འཛིན་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་བྱེད་པ། དོན་དག་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བ། ཚོང་ར་དྲང་གཞག་ཡོང་བར་ཁག་ཐེག་བྱེད་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཉིན་དེའི་གླེང་སྟེགས་སྟེང་། འབྲེལ་ཡོད་ཏང་སྲིད་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་ཆེན་མོ། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་ལས་དོན་སྡེ་ཁག་བཅས་ཀྱི་སྐུ་མགྲོན་བཅོ་ལྔས་སྔ་གཞུག་ཏུ་གཏམ་བཤད། སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་དང་སྲིད་གཞུང་དོ་དམ་གསར་སྐྲུན་བྱ་བའི་རིགས་གཞུང་དང་ལག་ལེན་བྱ་བ་སྒྲུབ་མཁན་ཉིས་བརྒྱ་ལྷག་གྲོས་ཚོགས་སུ་ཞུགས།  །

 
0
  • ལེ་ཚན་སྔོན་མ།:འཛམ་གླིང་དུ་སྡོམ་སྐུད་ཅེས་པའི་ར་དང་པོ་ནང་སོག་སྐྱེ་བ།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།