རང་རྒྱལ་གྱིས་བར་སྣང་ནས་སློབ་ཁྲིད་ཐོག་མ་བྱས་པ་ལམ་ལྷོངས་བྱུང་།

མིག་དམར་དོན་འགྲུབ་ཀྱིས་བསྒྱུར།        2013-06-24

རང་རྒྱལ་གྱིས་བར་སྣང་ནས་སློབ་ཁྲིད་ཐོག་མ་བྱས་པ་ལམ་ལྷོངས་བྱུང་།

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས20ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པ་ཁུང་ཙིའི་ཕ་ཡུལ་ནས་ཡིན་པའི་མཁའ་བསྐྱོད་པ་ཝང་ཡ་ཕིང་གིས་གོང་ཚེས་ཉིན་གྱི་ཉིན་གུང་སུམ་རྩེན་ཨང་དང་པོ་ནས་རང་རྒྱལ་གྱིས་བར་སྣང་ནས་སློབ་ཁྲིད་ཐོག་མ་བྱས་པ་ལམ་ལྷོངས་བྱུང་བ་རེད།
    བཀའ་བཀོད་པ་ལིའེ་ཧའེ་ཧྲེང་དང་པར་རྒྱག་མཁན་པོ་ཀྲང་ཞའོ་ཀོང་གཉིས་ཀྱིས་རོགས་རམ་འོགཝང་ཡ་ཕིང་གིས་སྤུས་ཀ་ཚད་འཇལ་དང་གཡོ་ཐོ་རྐྱང་པའི་ལུས་རྩལ། རྩེད་ཆས་འཕང་ལོའི་ལུས་རྩལ། ཆུ་ལུམས་དང་ཆུ་རྩེད་སྤོ་ལོ་སོགས་ཚོད་ལྟ་སྣ་ཁ5བྱས་ཤིང་། ལྗིད་ཚད་ཤོར་བའི་ཁོར་ཡུག་ནང་དངོས་གཟུགས་ལུས་རྩལ་ཁྱད་ཆོས་དང་གཤེར་གཟུགས་ཕྱི་ངོས་རྐྱོང་ཤུགས་ཀྱི་ཁྱད་ཆོས་སོགས་དངོས་ལུགས་རྣམ་པ་བསྟན་པས་མ་ཚད་སློབ་མ་རྣམས་ཀྱིས་འབྲེལ་ཡོད་ཀྱི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱིས་ཆུ་སྤྱོད་པ་དང་བར་སྣང་གི་གད་སྙིགས་འགོག་སྲུང་། ལྗིད་ཚད་ཤོར་བའི་འགྲན་རྒོལ། བར་སྣང་གི་མཛེས་ལྗོངས་སོགས་འདྲི་བ་བཏོན་པའི་གནད་དོན་ལ་ལན་བཏབ་པ་རེད།
    ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་པའི་ཟུར་གཏོགས་སློབ་འབྲིང་གི་ས་ངོས་སློབ་ཁང་ནང་བཀོད་སྒྲིག་བྱས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་དང་གྲོང་ཁྱེར་དུ་གླ་རྒྱག་སར་འོང་མཁན་གྱི་བུ་རྒྱུད་ཚོས་ཀྱང་གྲོང་ཁྱེར་དུ་ཁྲིད་ཡོང་སྟེ་སློབ་གྲྭར་བཏང་བ།ཞང་ཀང་དང་ཨའོ་མེན། ཐའེ་ཝན་བཅས་ས་ཁུལ་གྱི་སློབ་མ་ཚབ་མི་བཅས་ཚུད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ300ལྷག་དངོས་ལུགས་སློབ་ཁྲིད་འདི་ལ་ཞུགས་ཡོད་པ་རེད། རྒྱལ་ཡོངས་སུ་སློབ་འབྲིང་ཁྲི8ལྷག་གི་དགེ་རྒན་དང་སློབ་མ་ཁྲི6000ལྷག་གིས་བརྙན་འཕྲིན་ཐད་གཏོང་བརྒྱུད་ནས་དུས་གཅིག་ཏུ་བལྟས་པ་རེད།
 

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།