མདུན་ཤོག > སྲུང་སྐྱོང་ས་ཁུལ།
 
མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་ས་གཤིས་གླིང་ག་གཉིས་ཁ་སྣོན་བྱས་པ།

2012-03-23   

 

 

མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་ས་གཤིས་གླིང་ག་གཉིས་ཁ་སྣོན་བྱས་པ།

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་ས་གཤིས་གླིང་ག་དང་། ཨ་མྱེས་རྨ་ཆེན་གངས་རིའི་ས་གཤིས་གླིང་ག་གཉིས་ འདེམ་ཐེངས6པའི་རྒྱལ་ཁབ་ཀྱི་ས་གཤིས་གླིང་གའི་ཐོབ་ཐང་གནང་འཆར་ཡོད་པའི་ལས་ཁུངས36ནང་དུ་བདམས་ཤིང་། མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་གཤིས་གླིང་ག6ནས8དུ་འཕར་བ་རེད།
  ས་གཤིས་གླིང་ག་ནི་དམིགས་བསལ་གྱི་ས་གཤིས་ཚན་རིག་གི་དོན་སྙིང་མཆིས་ཤིང་ཤིན་ཏུ་དཀོན་པའི་རང་བྱུང་ཁྱད་ཆོས་མངའ་བ། མཛེས་དཔྱོད་ཀྱི་རིན་ཐང་ལྡན་པ། དེ་མིན་ཁྱབ་ཁོངས་ངེས་ཅན་ཡོད་པའི་ས་གཤིས་གནའ་ཤུལ་གཙོར་བྱས་ཐོག  རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་མཛེས་ལྗོངས་གཞན་དག་སྤེལ་མའི་སྒོ་ནས་གྲུབ་པའི་ཁྱད་དུ་འཕགས་པའི་རང་བྱུང་ཡུལ་ཁོངས་ཞིག་ཡིན་པ་རེད།  མི་རྣམས་ལ་སྤྲོ་འཆམ་དང་རོལ་རྩེད་ཀྱི་གནས་ཤིག་འདོན་སྤྲོད་བྱེད་པ་དང་མཉམ་དུ། ས་གཤིས་གནའ་ཤུལ་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། ས་གཤིས་ཚན་རིག་ཞིབ་འཇུག་དང་ཁྱབ་བརྡལ་དུ་གཏོང་བའི་རྟེན་གཞི་ཞིག་ཡིན།
  མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་དུ་གཉན་པོ་གཡུ་རྩེའི་རྒྱལ་ཁབ་ས་གཤིས་གླིང་ག་དང་། ཁམས་རའི་རྒྱལ་ཁབ་ས་གཤིས་གླིང་ག  དགོན་ལུང་བྱང་རིའི་རྒྱལ་ཁབ་ས་གཤིས་གླིང་ག  ཁུ་ནུ་རི་བོའི་རྒྱལ་ཁབ་ས་གཤིས་གླིང་ག  ཁྲི་ཀའི་རྒྱལ་ཁབ་ས་གཤིས་གླིང་ག  ཚ་ཨུར་ཧན་ཚཱ་མཚོའི་རྒྱལ་ཁབ་གཏེར་རིའི་གླིང་ག་བཅས་རྒྱལ་ཁབ་ས་གཤིས་གླིང་ག་དྲུག་ཡོད་པ་རེད།

 
 
 
 
རྩོམ་གསར། 10
དོ་སྣང་ཆེ་བའི་རྩོམ། 10