འདབ་པ་རྫོང་གིས་ལྗོངས་རྒྱུ་རིག་གནས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་རུ་བཏང་།

        2013-04-18

ཞིང་ཆེན་དང་ཁུལ་གྱི་འཐབ་ཇུས་བཀོད་སྒྲིག་ལྟར། འདབ་པ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས་རྫོང་གི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱས་པའི་རྨང་གཞིའི་ཐོག    ད་ལྟའི་དུས་རིམ་གྱི་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་འཚམ་པའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་པས་མ་ཚད་ལག་ལེན་བྱས་མཐར།  རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔེར་སྟོན་རྫོང་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་བྱེད་སའི་རྫོང་ཆེན་པོ་བསྐྲུན་རྒྱུའི་འབད་འཐབ་དམིགས་ཡུལ་ཇེ་མགྱོ གས་སུ་མངོན་འགྱུར་བྱེད་བཞིན་ཡོད།
རྫོང་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏངགཏོང་རྒྱུའི་སྤྱིའི་འཐབ་ཇུས་འདི་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྱོང་དང་།  ཐོན་ལས་ལ་བརྟེན་ནས་རྫོང་སྟོབས་ལྡན།  ཚན་རྩལ་དང་སློབ་གསོ་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་རྒྱུ་བཅས་ལ་བརྩིས་ནས་ལྗོངས་རྒྱུ་རིག་གནས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་རུ་བཏང་བ་རེད།  སྐྱེ་ཁམས་དང་ནུས་པའི་འབྱུང་ཁུངས་ཀྱི་ཀ་སྐྱོར་ཐོན་ལས་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ཀྱི་རྨང་གཞི་ཐོན་ལས་འཕེལ་རྒྱས་གཏངགཏོང་རྒྱུའི་བསམ་ཕྱོགས་སྲ་བརྟན་དང་གཡོ་འགུལ་མེད་པར་བྱས་ཡོད།  ལྗོངས་རྒྱུ་ཁྱབ་ཁོངས་ཅན་དང་གྲོང་རྡལ་དཔེ་གསར་ཅན།  ཞིང་འབྲོག་ལས་དེང་རབས་ཅན་དུ་མངོན་འགྱུར་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་ལ་བཞག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་རྫོང་དེས་སྔོན་བཀོད་དམིགས་ཡུལ་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5.3འགྲུབ་པ་བྱས་ཏེ་བརྒྱ་ཆ15.1འཕར་སྣོན་གཏངགཏོང་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར20འགྲུབ་པ་བྱས་ནས་བརྒྱ་ཆ8.1འཕར་སྣོན་གཏང་རྒྱུགཏོང་དགོས།  སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་གི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.25འགྲུབ་པ་བྱས་ཏེ་བརྒྱ་ཆ13.6འཕར་སྣོན་གཏང་རྒྱུགཏོང་དགོས།  ཞིང་འབྲོག་པའི་ཆ་སྙོམས་མི་རེའི་ཡོང་འབབ་ཁེར་གཙང་སྒོར5969ལ་ཟིན་པ་བྱས་ནས་བརྒྱ་ཆ25འཕར་སྣོན་གཏང་རྒྱུགཏོང་དགོས། གྲོང་རྡལ་ཡུལ་མི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར22430ལ་ཟིན་པ་བྱས་ནས་བརྒྱ་ཆ12འཕར་སྣོན་གཏང་རྒྱུགཏོང་དགོས། ལོ་ཧྲིལ་པོར་ཡུལ་སྐོར་ལྗོངས་རྒྱུ་བ་མིའི་ཐེངས་གྲངས་ཁྲི40སྣེ་ལེན་བྱས་ནས་ལྗོངས་རྒྱུའི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2.68མངོན་འགྱུར་བྱ་རྒྱུབྱེད་དགོས།
  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་བསམ་ཕྱོགས་གསར་པས་འཕེལ་རྒྱས་གསར་པ་ཡོང་བར་ཁྲིད་སྟོན་བྱས།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་གིས་འགྲིམ་འགྲུལ་གྱི་གཏོར་བརྒལ་དམིགས་ཡུལ་གཏན་ཁེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།