ཁུལ་གནམ་གཤིས་ཅུས་ཀྱིས་ནུས་པ་གང་ཡོད་བཏོན་ནས་ཁུལ་སྟོན་སྐབས་ཀྱིས་གནམ་གཤིས་ཞབས་ཞུ་ལ་འགན་ལེན་བྱེད་པ།

        2010-10-20

ཟླ་བ༨པའི་ཚེས༢༥ཉིན།ཁུལ་གནམ་གཤིས་ཅུས་ཀྱིས་ཅུས་ཡོངས་ཀྱི་ལས་བཟོའི་ཚོགས་ཆེན་འཚོགས་ནས།ཁུལ་སྲིད་གཞུང་གིས་གལ་ཆེ་བའི་ཆུ་ལོག་དང་འདམ་རྡོ་ཆུ་རུད་ཀྱིས་གནོད་པ་ཛ་དྲག་ཆེ་བའི་ཚོགས་འདུའི་དོན་སྙིང་དྲིལ་བསྒྲགས་མཐའ་ཕྱིན་བྱས་པ་རེད།གོམ་གང་མདུན་སྤོས་ཀྱིས་ལས་ཁུངས་ཀྱི་སྲིད་འཛིན་ཕན་ནུས་ཀྱི་འཛུགས་སྐྲུན་དང་ལས་ཁུངས་ཀྱི་ཀུན་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུ་དང་།ཆུ་འབྲུབ་པའི་སྐབས་ཀྱི་གནམ་གཤིས་ཞབས་ཞུ་ལས་ཀའི་སྒྲིག་ལམ་ལ་ཤུགས་སྣོན་རྒྱག་རྒྱུ།གཙོ་བོ་ཁུལ་བཙུགས་ནས་ལོ༦༠འཁོར་བའི་རྟེན་འབྲེལ་སྐབས་ཀྱི་གནམ་གཤིས་ཞབས་ཞུ་ལ་འགན་ལེན་དང་ལས་རེས་ལས་ཀ་ཡང་བསྐྱར་བཀོད་སྒྲིག་བྱས་པ་རེད།  ཚོགས་འདུའི་ཐོག་སྟོན་རྒྱུར།མིག་སྔར་ཆུ་འབྲུབ་པའི་འགག་རྩའི་སྐབས་སུ།ཁུལ་གནམ་གཤིས་སྡེ་ཁག་གིས་ཆུ་འབྲུབ་པའི་དུས་ཀྱི་གནམ་གཤིས་ལ་ཞབས་ཞུ་བྱ་རྒྱུ་དེ་ལས་ཀ་ཨང་དང་པོར་བཞག་ནས་ནུས་ཤུགས་གང་ཡོད་ཀྱིས་ས་གཤིས་གནོད་སྐྱོན་སྔོན་བརྡ་གཏོང་རྒྱུ་བཅས་ཞབས་འདེགས་ལས་ཀ་ཡག་པོ་བསྒྲུབས་དགོས་པ་དང་དུས་ཚོད༢༤ལ་ལས་རེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁུལ་སྟོན་གྱི་གནམ་གཤིས་ཞབས་ཞུ་ལེགས་པོ་ཞུ་དགོས།ཁུལ་སྟོན་བྱེད་སྒོ་ལ་དུས་ཐོག་དང་ཡང་དག་པའི་སྒོ་ནས་གནམ་གཤིས་སྔོན་བརྡ་གཏོང་དགོས།
  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་༦༠་འཁོར་བར་རྒྱལ་ཁབ་ཀྱི་རྒྱང་སྒྲོག་དང་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ག
  • དོ་སྣང་ཆེ་བའི་རྩོམ།