འདབ་པ་རྫོང་ལ་ད་ལོར་གློག་འདང་ངེས་ཡོད།

        2013-01-29

ཉེ་ཆར།རྒྱལ་ཁབ་གློག་དྲ་སི་ཁྲོན་ལུའུ་ཀྲུའུ་གློག་ལས་ཅུས་ཀྱིས་བསྐྲུན་རོགས་བྱས་པའི་སྟོང་ཧྥུ35ལྡན་པའི་གློག་ལམ་དེ་འདབ་པ་རྫོང་གསུམ་འདུས་ཤང་ལ་བེད་སྤྱོད་བཏང་ཐུབ་པ་དང་། འདབ་པའི་གློག་དྲ་དང་རྒྱལ་ཁབ་ཀྱི་གློག་དྲའི་དྲ་བ་གཙོ་བོ་དེ་གློག་ལམ་འདིར་བརྒྱུད་ནས་འབྲེལ་བས། འདབ་པའི་གློག་དྲ་གཅིག་རྐྱང་དུ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་གཏོང་བ་དང་། འདབ་པའི་ཉི་སྟེན་གྱི་གནམ་གྲུ་ཐང་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་ཐུབ་པར་གློག་ནུས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་པ་རེད།
    གློག་དྲའི་འཛུགས་སྐྲུན་ལས་ཀ་རྗེས་ལུས་ཚབས་ཆེན་ཡིན་སྟབས། འདབ་པ་རྫོང་ལ་སྟོང་ཧྥུ35ལྡན་པའི་དྲ་བ་དེ་ཁེར་རྐྱང་འཁོར་སྐྱོད་བྱེད་བཞིན་ཡོད།རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ12ནང་ཤང5ལ་གློང་གཏོང་མི་ཐུབ་པ་རེད། ད་ཡོད་ཀྱི་སྒྲིག་ཆས་ལ་བསྒྱུར་བཀོད་བྱས་ནས་གློག་ནུས་མཁོ་སྤྲོད་བྱེད་ནུས་མཐོར་འདེགས་བཏང་ཡོད་མོད། ཡིན་ན་ཡང་གློག་ཁུངས་ཀྱི་གནད་དོན་ཐག་གཅོད་མ་བྱས་སྔོན་ལ་འདབ་པ་རྫོང་ལ་དགུན་དུས་སུ་གློག་མི་འདང་བའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱེད་མི་ཐུབ་པ་རེད། སྟོང་ཧྥུ35ལྡན་པའི་འབྲེལ་མཐུད་གློག་ལམ་ཞིག་བསྐྲུན་སྟབས། ཕྱག་ཕྲེང་རྫོང་གི་ཕུན་སུམ་ཚོགས་པའི་གློག་ནུས་ད་ལོའི་དགུན་ཁར་འདབ་པ་རྫོང་དུ་མཁོ་འདོན་བྱེད་ཐུབ་རྒྱུ་དེ་འཕྲལ་དུ་སྒྲུབ་དགོས་པའི་ལས་ཀ་རུ་འགྱུར་འདུག
  • ལེ་ཚན་སྔོན་མ།: འབའ་ཐང་རྫོང་གིས་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་ཀྱི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱས།
  • ལེ་ཚན་རྗེས་མ།:ད་ལོའི་དཔྱིད་གསར་དུས་ཆེན་ནང་ཕྱི་ཡུལ་དུ་མི་འགྲོ་ནའང་ཆོག
  • དོ་སྣང་ཆེ་བའི་རྩོམ།