ཉག་རོང་རྫོང་གི་དབང་པོ་སྐྱོན་ཅན་གྱི་མི16ལ་རོགས་སྐྱོར་ཐོབ།

(དབྱངས་ཅན་གྱིས་བསྒྱུར།)        2013-01-28

ཉེ་ཆར། ཉག་རོང་རྫོང་གི་རྐང་ལག་སྐྱོན་ཅན་གྱི་མི་གྲངས16དེ་རྫོང་དེའི་དབང་པོ་སྐྱོན་ཅན་གྱི་ལས་སྒྲུབ་མི་སྣའི་རོགས་རམ་འོག་ཞིང་ཆེན་གྱི་པ་དབྱི་ལུས་གསོའི་སྨན་ཁང་དུ་ཕྱིན་ནས་རྐང་ལག་རྫུན་མ་ལྷུ་སྒྲིག་བྱེད་པའི་གཤགས་བཅོས་ལས་ཀ་བསྒྲུབས་པ་རེད། དེའི་སྐབས་སུ་སྨན་ཁང་གི་ཆེད་ལས་མཁས་ཅན་དང་ལས་སྒྲུབ་མི་སྣས་དཔྱད་ཞིབ་དང་སྨན་བཅོས་ཡང་ཡང་བྱས་པར་བརྒྱུད། དབང་པོ་སྐྱོན་ཅན་གྱི་མི་གྲངས16གི་གཤགས་བཅོས་ལས་ཀ་བདེ་བླག་ངང་གྲུབ་ཐུབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དབང་པོ་སྐྱོན་ཅན་གྱི་གཤགས་བཅོས་བྱེད་རིང་གི་འགྲོ་འདུག་གི་འབྲེལ་ཡོད་འགྲོ་གྲོན་ཚང་མ་རྫོང་དེས་ཆེད་སྤྱོད་མ་དངུལ་སྒོར65000བཏང་ནས་ཐག་གཅོད་བྱས་པ་རེད།
  • ལེ་ཚན་སྔོན་མ།:རོང་བྲལ་རྫོང་གི་དབུལ་ཕོངས་དང་དབང་པོར་སྐྱོན་ཚབས་ཆེན་ཐེབས་མཁན་གྱིས་འཚོ་གནས་དང་གསོ་ཚགས་བྱེད་ཡས་ཀྱི་ཁ་གས
  • ལེ་ཚན་རྗེས་མ།:ཅང་ཅུས་ཧྥེང་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པར་ཞུགས་ནས་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།