ཅང་ཅུས་ཧྥེང་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པར་ཞུགས་ནས་གསུང་བཤད་གནང་།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2013-01-29

ཟླ་བ1པོའི་ཚེས26ཉིན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅང་ཅུས་ཧྥེང་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པར་ཞུགས་ནས་གྲོས་ཞིབ་གནང་བ་རེད།
    ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་ཞིང་ཆེན་ཡོངས་དང་འདྲ་བར་གོང་འཕེལ་ཆེན་པོ་བྱུང་ཡོད་ཅིང་། ད་རེས་ཀྱང་འགོ་འཛུགས་ས་གསར་པའི་ཐོག་ནས་རླབས་ཆེན་གྱི་དམིགས་ཚད་གཏན་འཁེལ་བྱས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་མགྱོ གས་སུ་གཏོང་ཞིང་། དམངས་འཚོ་ལེགས་བཅོས་བྱེད་པ། བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་བྱེད་དགོས་པའི་སྐོར་གྱི་བླང་བྱ་ལྟར་སྔར་ལྷག་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་ལེགས་འགྱུར་དང་མཐོར་འདེགས་བཏང་ནས་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།
    འཐུས་མི་ཚོས་གཏམ་བཤད་བྱེད་པའི་ཁྲོད་དུ་ཆེས་སེམས་ཁུར་བྱེད་པའི་གནད་དོན་སྐོར་དམིགས་ནས་ཅང་ཅུས་ཧྥེང་གིས་ཚང་མ་དང་ལྟ་ཚུལ་བརྗེ་རེས་གནང་བ་སྟེ། གཅིག་ནི་ལས་བྱེད་པའི་སྤྱོད་ཚུལ་སྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་ཞིང་མུ་མཐུད་དེ་མང་ཚོགས་ལས་ཀ་ཁྱོན་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། གཉིས་ནི་བོད་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ནང་གི་དམངས་འཚོ་དང་རྨང་གཞི་སྒྲིག་ཆས། ཐོན་ལས་ཀྱི་རྣམ་གྲངས་བཅས་ལེགས་པོར་སྒྲུབ་དགོས། གསུམ་ནི་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་དགོས། བཞི་ནི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ལྔ་ནི་བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནི་ཐབས་བརྒྱ་ཇུས་སྟོང་གིས་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།
  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གི་དབང་པོ་སྐྱོན་ཅན་གྱི་མི16ལ་རོགས་སྐྱོར་ཐོབ།
  • ལེ་ཚན་རྗེས་མ།: སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོ
  • དོ་སྣང་ཆེ་བའི་རྩོམ།