ངའི་མེས་བསྲེགས་པ་ནི་ཤོག་སྙིགས་ཡིན།

        2012-04-16

ཨ་དབང་གིས་བྲིས་ཚར་བའི་ཡིག་ཆ་ཅོག་ཙེ་སྟེང་དུ་བཞག་རྗེས།སྒོར་ཕྱིར་སོང་།ཉིན་གུང་ཕྱིར་ཁྱིམ་དུ་ལོག་པ་ན།ཅོག་ཙེ་སྟེང་གཙང་སྤྲ་བྱས་ཟིན་ལ།ཁོའི་ཡིག་ཆ་གར་སོང་ཆ་མེད་དུ་གྱུར།ཁོའི་སྣ་ལམ་དུ་དུ་བའི་དྲི་མ་ཞིག་འཐུལ་འོང་བས།མྱུར་དུ་ཆུང་མ་ལ“ཁྱོད་ཀྱིས་ཅི་ཞིག་མེར་སྲེག་བཞིན་ཡོད།”ཅེས་དྲིས།
ཆུང་མས་ལན་དུ།“ཁྱོད་ཀྱིས་ང་བླུན་པོ་རེད་མ་བསམ།ངས་ཀྱང་བཀོལ་སྤྱོད་བྱས་མེད་པའི་ཤོག་བུ་མེར་བསྲེགས་མི་ཉན་པ་ལོས་ཤེས།ངས་མེར་བསྲེགས་པ་ནི་ཡི་གེ་བྲིས་ཟིན་པའི་ཤོག་སྙིགས་དེ་དག་ཡིན་”ཟེར།
  • ལེ་ཚན་སྔོན་མ།:དོན་དངོས་སུ་སུ་ལ་སྙིང་པོ་མེད།
  • ལེ་ཚན་རྗེས་མ།:སྨན་པའི་ཁ་ཆེམས།