དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

ཐུབ་བསྟན་དང་ཨོ་རྒྱན། མིག་དམར།        2012-01-02

   དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ད

                                                                                                  གྲོས་ཚོགས་ཐེངས་དང་པོའི་ཚོགས་ར།

    དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ད

                                                                    ཁུལ་དཔོན་ཡེ་ཤེས་ཟླ་བས་སྲིད་གཞུང་ལས་ཀའི་སྙན་སེང་ཞུ།

ལི་ཁམས་ཀྱིས་ཚོགས་ཆེན་གྱི་གཙོ་འགན་བཞེས་ཤིང་ལས་ཚབ་ཁུལ་དཔོན་ཡེ་ཤེས་ཟླ་བས་སྲིད་གཞུང་ལས་ཀའི་སྙན་སེང་ཞུས།
ཟླ་བ་དང་པོའི་ཚེས1ཉིན་གྱི་སྔ་དྲོར།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།ལི་ཁམས་ཀྱིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་དང་ལས་ཚབ་ཁུལ་དཔོན་ཡེ་ཤེས་ཟླ་བས་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ་རེད།ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཏའོ་ཕིང་དང་ལི་ཁམས། ལིའུ་ཕིང་།  ཏ་དབྱི་ཅུན།  དབྱང་ཁེ། བྱང་ཆུབ། ཧུའུ་ཏའེ་མིང་། ལི་ལེན་ཝུའུ། ཚེ་དབང་རིག་འཛིན། བཀྲ་ཤིས་དབང་རྒྱལ། ཏུའུ་ཏའེ་ཆིང་། ཨ་རྒྱས་བུ་ཕྲུག  ཁྲེན་ཐིང་ཆན། ཀྲའོ་ཅིན་ཆང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི289ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི268བཅས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།གྲོས་ཚོགས་ཐོག་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོང་ཧུང་གིས་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལག་བསྟར་བྱེད་པའི་གནས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་སྙན་ཞུ》(ཡིག་ཐོག)
 ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གིས་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་2011ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པའི་གནས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྔོན་རྩིས》(ཡིག་ཐོག)
 ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འོས་འགན་སློབ་གསོའི་སྲོལ་ཡིག་འཆར་ཟིན་གྱི་གསལ་བཤད།(ཡིག་ཐོག)བཅས་བྱས་པ་རེད། སྙན་ཞུའི་ཐོག་དཀར་མཛེས་ཁུལ་སྐབས་བཅུ་པའི་སྲིད་གཞུང་ལས་དོན་ལ་ཕྱི་མིག་བལྟས་པ་སྟེ།སྐབས་འདིའི་སྲིད་གཞུང་གི་འགན་བཞེས་ཡུན་ཚད་ལོ་བཞི་ནི་སྤྱིར་བཏང་མིན་པ་དང་འགྲན་རྩོད་ཆེ་བ།དཀའ་ངལ་ཧ་ཅང་ཆེ་བའི་ལོ་བཞི་ཡིན་ལ།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཧུར་བརྩོན་རྒྱལ་སྐྱོང་བྱས་ནས་འཕེལ་རྒྱས་ཡོང་ཐབས་དང་།ཉེན་ཁ་དང་དཀའ་ངལ་བརྒལ་ནས་བརྟན་བརླིང་སྲུང་སྐྱོང་།ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་དམངས་འཚོ་ལ་མཐོང་ཆེན་བྱེད་པའི་ལོ་བཞིའང་ཡིན་པ་རེད།ལོ་བཞིའི་རིང་ང་ཚོས་བྱ་གཞག་གསར་སྐྲུན་བྱེད་པའི་བློ་སྟོབས་ཆེན་པོར་བརྟེན་ནས།བྱས་རྗེས་ཆེན་པོ་འཇོག་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བརྩེ་སེམས་བཅངས་ནས་ལྷ་སར་དོན་རྐྱེན་བུད་པ་དང་།ཝུན་ཁྲོན་དང་ཤུལ་ཡུལ་གཉིས་སུ་ས་འགུལ་བྱུང་བ། རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་ཐེབས་པ། རྒྱལ་ནང་དུ་དངུལ་ལོར་འགྲེམས་ཐལ་དྲགས་པ་སོགས་ཀྱི་གལ་འགངས་ཆེ་བའི་དོན་རྐྱེན་རབ་དང་རིམ་པའི་གནོད་སྐྱོན་གྱི་ཤུགས་རྐྱེན་ཐེབས་པར་ཁ་གཏད་ནན་པོ་བཅལ་ནས། ཤུགས་ཆེན་པོས་“འཕེལ་རྒྱས་དང་བརྟན་བརླིང་། དམངས་འཚོ་བཅས་”དོན་ཆེན་གསུམ་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས།རིག་གནས།སྐྱེ་ཁམས་བཅས་འཛུགས་སྐྱོང་བྱ་རྒྱུ་ཁྱོན་ཡོངས་ནས་ཡར་ཐོན་མངོན་འགྱུར་ཡོང་བ་བྱས་ནས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་དུས་རིམ་ཡག་ཤོས་ཤིག་གསར་སྐྲུན་བྱས་ཡོད།ས་ཁུལ་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ལོ་གཉིས་སྔ་སྣུར་བྱས་པ་དང་།ས་གནས་ནོར་སྲིད་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་ལོ་གསུམ་སྔ་སྣུར་བྱས་པ།གྲོང་ཁུལ་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་བཞི་སྔ་སྣུར་བྱས་ནས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཆར་འགོད་དམིགས་ཡུལ་གྲུབ་ཡོད།སྐབས་བཅུ་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གཏན་འབེབས་བྱས་པའི་ལས་འགན་ཁག་ལེགས་འགྲུབ་བྱུང་བ་དང་།སྐབས་འདིའི་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་དམངས་ལ་གཟབ་ནན་གྱིས་སྒྲུབ་རྒྱུ་ཁས་བླངས་པའི་ལས་འགན་ལག་བསྟར་བྱས་ཡོད།  སྙན་ཞུའི་ཐོག་བསྟན་དོན། ལོ་བཞི་འདིའི་རིང་། དཔལ་འབྱོར་འཕེལ་རྒྱས་མགྱོ གས་པོ་བྱུང་བ་དང་ཕན་འབྲས་འཕར་བ་འདི་ལྟར་ཏེ།  དཔལ་འབྱོར་བསྡོམས་འབོར“གྲངས་གནས་གཉིས་འཕར་སྣོན་”མངོན་འགྱུར་ཡོང་བ་དང་དམངས་འཚོའི་དམིགས་ཚད་དེ་“གཏོར་བརྒལ་གཉིས་”མངོན་འགྱུར་ཡོང་བ། དཔལ་འབྱོར་ཆགས་ཚུལ་དེ“བཟང་སྒྲུག་གཉིས་”མངོན་འགྱུར་ཡོང་བ་བྱས་པ། དངུལ་ལོར་ལས་ཁུངས་ཀྱི་དངུལ་བཅོལ་དང་དངུལ་བུན་གཏོང་རྒྱུ་དེ“ལྡབ་གཉིས་”འཕར་བ་མངོན་འགྱུར་བྱུང་བ་བཅས་རེད། ལོ་བཞི་འདིའི་རིང་།རྨང་གཞི་སྒྲིག་ཆས་མངོན་གསལ་དུ་ལེགས་བཅོས་བྱུང་། ལོ་བཞི་འདིའི་རིང་།ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྤེལ་རྒྱ་ཆེན་བྱས།  ལོ་བཞི་འདིའི་རིང་།སྤྱི་ཚོགས་བྱ་གཞག་སྒོ་ཀུན་ནས་ཡར་ཐོན་བྱུང་ཡོད།  ལོ་བཞི་འདིའི་རིང་།དམངས་འཚོ་ལེགས་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ། ལོ་བཞི་འདིའི་རིང་།སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་ཡིན་པ།  ལོ་བཞི་འདིའི་རིང་།སྲིད་གཞུང་གི་འཛུགས་སྐྲུན་ལ་སྒོ་ཀུན་ནས་ཤུགས་སྣོན་བརྒྱབ་ཡོད།
སྙན་ཞུའི་ཐོག་བསྟན་དོན།2012ལོ་ནི་སྐབས་བཅུ་གཅིག་པའི་སྲིད་གཞུང་ལས་ཀ་འགོ་ཚུགས་པའི་ལོ་ཞིག་ཡིན་ལ།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་ཐུག་པའི་ལོ་ཞིག་ཀྱང་ཡིན།ངེས་པར་དུ་མཐོ་རིམ་ཐོག་ནས་ཡར་ཐོན་ཡོང་བ་བརྩོན་ལེན་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལས་སྟངས་དམ་འཛིན་བྱས་ནས་ལོ་འཁོར་ཡོངས་ཀྱི་ལས་ཀ་སྣ་ཚོགས་ཡག་པོ་སྒྲུབ་གང་ཐུབ་བྱེད་དགོས།ལོ་འཁོར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་དམིགས་ཡུལ་ལས་འགན་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ14འཕར་སྣོན་ཡོང་བ་དང་།གཏན་འཇགས་རྒྱུ་ནོར་བརྒྱ་ཆ30འཕར་སྣོན་ཡོང་བ།ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་བརྒྱ་ཆ18འཕར་བ།སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བྱས་པའི་བསྡོམས་དངུལ་བརྒྱ་ཆ14འཕར་སྣོན་ཡོང་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་བརྒྱ་ཆ12འཕར་སྣོན་ཡོང་བ།ཞིང་འབྲོག་མི་དམངས་མི་རེར་ཁེར་གཙང་ཡོང་འབབ་བརྒྱ་ཆ30འཕར་སྣོན་ཡོང་བ།མི་གྲངས་རང་བྱུང་འཕར་ཚད་དང་། རྨོས་ཞིང་བདག་བཟུང་བྱེད་ཆོག་ཚད།གཞི་རྩའི་ས་ཞིང་བདག་བཟུང་བྱེད་ཚད།ཡུལ་མིའི་འཛད་སྤྱོད་རིན་གོང་།ཉེན་མེད་ཐོན་སྐྱེད།ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱ་རྒྱུ་བཅས་ཞིང་ཆེན་སྲིད་གཞུང་གིས་འོག་རིམ་ལ་སྤྲད་པའི་ཁོངས་སུ་ཚོད་འཛིན་བྱེད་དགོས།2012ལོའི་དམིགས་ཡུལ་ལས་འགན་བསྒྲུབ་རྒྱུའི་ཐད་གཙོ་གནད་དུ་གཤམ་གྱི་ལས་ཀ་ཁ་ཤས་བསྒྲུབ་རྒྱུ་དམ་འཛིན་བྱེད་དགོས་པ་སྟེ།  དང་པོ།འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུར་དམིགས་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་དཀའ་གནད་སེལ་གང་ཐུབ་བྱེད་དགོས།གཉིས་པ།སྐྱེ་ཁམས་ཀྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ཏེ་ཤུགས་ཆེན་པོས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས།གསུམ་པ།བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ཏེ་ཁྱོནཡོངས་ནས་དམངས་འཚོའི་ལས་གྲྭར་སྐུལ་སྤེལ་གཏོང་དགོས།བཞི་པ།འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་གཏོང་བར་གཞིགས་ནས།མུ་མཐུད་དུ་བཅོས་བསྒྱུར་སྒོ་ཕྱེ་ཇེ་ཟབ་ཏུ་གཏོང་དགོས།ལྔ་པ།འཆམ་མཐུན་གྱི་དཀར་མཛེས་ཁུལ་བསྐྲུན་པར་དམིགས་ནས་སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས།དྲུག་པ།དོན་དངོས་གཉེར་བའི་སྲིད་གཞུང་འཛུགས་སྐྲུན་བྱེད་པར་དམིགས་ནས་མུ་མཐུད་དེ་སྲིད་འཛིན་ནུས་པ་མཐོར་འདེགས་གཏོང་དགོས།འཐུས་མི་རྣམ་པ།འདས་པར་ཕྱིར་ལྟ་བྱས་ན།གྲུབ་འབྲས་ནི་རྙེད་དཀའ་བ་ཞིག་ཡིན་པས་སྤོབས་པ་དགུ་འགྱུར་དུ་སྐྱེད་ཆོག་ལ།འབྱུང་འགྱུར་ལ་རྒྱང་ལྟ་ཞིག་བྱས་ན་ང་ཚོའི་འགན་འཁྲི་ནི་ཧ་ཅང་ལྕི་ཞིང་ལས་འགན་ནི་གཟི་བརྗིད་ལྡན་པ་ཞིག་རེད།གནས་བབ་ཀྱིས་མི་ལ་ཡར་སྐུལ་གཏོང་ཞིང་འབད་འཐབ་ཀྱིས་འོད་ཟེར་སྟོང་ལྡན་བསྐྲུན།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་།ཁུལ་ཨུ་བཅས་ཀྱི་ཡང་དག་པའི་དབུ་ཁྲིད་འོག་ཏུ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཏང་སྟེ། གོ་སྐབས་འཕྲོག་འཛིན་དང་། ལམ་བཤངས་གསར་གཏོད། བདེན་འཚོལ་དངོས་སྒྲུབ།ཧུར་བརྩོན་རྒྱལ་སྐྱོང་བཅས་བྱས་ཏེ་དཔལ་འབྱོར་མཆོང་རྒལ་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཀྱི་འོད་སྟོང་འབར་བའི་ལེའུ་གསར་པ་ཞིག་འབྲི་རྒྱུའི་ཡིད་ཆེས་དང་ཆོད་སེམས།ནུས་པ་བཅས་ང་ཚོ་ལ་ཡོད་དོ།།
  • ལེ་ཚན་སྔོན་མ།:ཀྲུང་གོ་མི་དམངས་སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་དར་མ
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི
  • དོ་སྣང་ཆེ་བའི་རྩོམ།