དཀར་མཛེས་ཁུལ་ཞི་བས་བཅིངས་འགྲོལ་བཏང་།

ཡེ་མགོན་གྱིས་བསྒྱུར།        2021-05-11

 

དཀར་མཛེས་ཁུལ་ཞི་བས་བཅིངས་འགྲོལ་བཏང་།

  1949ལོའི་སྤྱི་ཟླ12པའི་ཚེས9ཉིན། གོ་མིང་ཏང་ཞི་ཁམས་ཞིང་ཆེན་གྱི་ཀྲུའུ་ཞི་ལིའུ་ཝུན་ཧུའེ་དང་ཏེང་ཞི་ཧོའུ། ཕན་ཝུན་ཧྭ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་མའོ་ཙེ་ཏུང་དང་ཀྲུའོ་ཏེ་རྣམ་གཉིས་ལ་གློག་འཕྲིན་ཁྱབ་གཏོང་བྱས་པ་རེད། 1950ལོའི་སྤྱི་ཟླ3པའི་ཚེས18ཉིན། ཀྲུང་གུང་དར་མདོ་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་ཐོག་དང་པོའི་འགན་འཁུར་མཁན་མིའོ་ཧྥེང་ཧྲུའུ་དང་དར་མདོའི་དམག་ཁུལ་གྱི་དམག་ཇུས་པ་ཧྥ་ཀྲི་ཀྲུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒར་ཤོག་བཅོ་བརྒྱད་པའི་དཔུང་ཤོག62པའི་ཁྲི་ཤོག186པའི་མདའ་ཤོག556པ་ཁྲིད་ནས་གཡག་རྔ་ནས་དར་མདོའི་ཕྱོགས་སུ་དཔུང་འཇུག་བྱས་པ་རེད། སྤྱི་ཟླ3པའི་ཚེས22ཉིན་ལྕགས་ཟམ་རྫོང་བཅིངས་འགྲོལ་བཏང་བ་དང་ཚེས24ཉིན་དར་མདོ་རྫོང་བཅིངས་འགྲོལ་བཏང་བ་འདི་ནི་དཀར་མཛེས་ཁུལ་ཞི་བས་བཅིངས་འགྲོལ་བཏང་བའི་མཚོན་རྟགས་ཡིན་པ་རེད།།

  • ལེ་ཚན་སྔོན་མ།: དམངས་ཡོངས་ཀྱི་ལུས་སྦྱོང་དར་སྤེལ་བཏང་ནས་ལུས་ཁམས་བྱང་ཚད་མཐོ་རུ་གཏོང་།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་6ལ་རྟ་རྩལ་སློབ་ཚན་བཙུགས།
  • དོ་སྣང་ཆེ་བའི་རྩོམ།