དམངས་ཡོངས་ཀྱི་ལུས་སྦྱོང་དར་སྤེལ་བཏང་ནས་ལུས་ཁམས་བྱང་ཚད་མཐོ་རུ་གཏོང་།

ལྷ་འཛོམས་ཀྱིས་བྲིས།        2021-05-10

ཕག་མོ་རིའི་རྒྱལ་སྤྱིའི་རི་འཛེག་དུས་སྟོན་དེ་སྤྱི་ཟླ5པའི་ཚེས19ཉིན་ལ་འགྲན་བསྡུར་བྱེད་མགོ་ཚུགས་རྒྱུ།

སྤྱི་ཟླ5པའི་ཚེས6ཉིན་གསར་འགོད་པས་ཁུལ་སློབ་གསོ་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་བཅུ་གཅིག་པའི“ལུས་སྦྱོང་རྒྱན་ཤོག་བུམ་པའི”ཕག་མོ་རིའི་གདན་ཐོག་རྒྱལ་སྤྱིའི་རི་འཛེག་དུས་སྟོན་གྱི་མང་ཚོགས་ལུས་རྩལ་བྱེད་སྒོ་ཆེ་གྲས་དེ་སྤྱི་ཟླ5པའི་ཚེས19ཉིན་དར་མདོའི་ལུགས་རྙིང“ཟླ་བཞི་པའི་ཚེས་བརྒྱད”ཉིན་མོ་སྤེལ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཞིང་ཆེན་རི་འཛེག་ཕྱི་རོལ་ལུས་རྩལ་མཐུན་ཚོགས་དང་། ཁུལ་སློབ་གསོ་ལུས་རྩལ་ཅུས། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁུལ་ལུས་རྩལ་ལྟེ་གནས་དང་། ཁུལ་རི་འཛེག་མཐུན་ཚོགས། གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་བཅས་ཀྱིས་སྒྲུབ་འགན་འཁུར་བ། ཕག་མོ་རིའི་གདན་ཐོག་ཡུལ་སྐོར་སྤྱི་གཉེར་ཁང་སོགས་སྡེ་ཚན་གྱིས་གཞོགས་འདེགས་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དར་མདོའི་ལུགས་རྙིང“ཟླ་བཞི་པའི་ཚེས་བརྒྱད”ཉིན་གྱི་རི་སྐོར་འདུ་ཚོགས་དང་ཕག་མོ་རི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ནས་རང་ཁུལ་གྱི་ཕུན་སུམ་ཚོགས་པའི་ཕྱི་རོལ་ཡུལ་སྐོར་བྱེད་སྒོའི་ཐོན་ཁུངས་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་ལུས་ཁམས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་དར་སྤེལ་གཏང་རྒྱུ་དེ་རེད།

ད་ཐེངས་འགྲན་བསྡུར་གྱི་རི་འཛེག་ལམ་ཐིག་དེ་དར་མདོའི་མཛའ་གཞས་ཐང་ཆེན་ནས་ཕག་མོ་རིའི་གདན་ཐོག་གི་མཆོད་རྟེན་དཀར་པོའི་ལམ་རྒྱུད་དུ་ཡིན་པ་དང་འདི་ཟླའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད7དང་སྐར་མ30ཡི་ཐོག་མཛའ་གཞས་ཐང་ཆེན་དུ་མགོ་ཚུགས་མཛད་སྒོ་སྤེལ་རྒྱུ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བསྐོ་ཁྱབ་བསྒྲགས་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་ཞི་བས་བཅིངས་འགྲོལ་བཏང་།
  • དོ་སྣང་ཆེ་བའི་རྩོམ།