ལྷ་བཟོ་འཇམ་དགའ་ཕ་བུ་གསུམ།

བཀྲ་ཤིས་དཔལ་འབྱོར།        2021-03-04

ལྷ་བཟོ་འཇམ་དགའ་ཕ་བུ་གསུམ།

    ཆོས་འཕེལ།  1993ལོའི་ཟླ་7པར་སྐྱེས།  ཕོ།  བོད་རིགས།  སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན།  ཆུང་དུས་ནས་ཕ་རྒན་སོགས་དགེ་བའི་བཤེས་གཉེན་དུ་མ་ལ་བསྟེན་ནས་ཐང་ག་འབྲི་ཚུལ་བསླབས་ཤིང་།  ཕ་རྒན་ནི་ལྷ་བཟོ་གྲགས་ཅན་ཐང་བླ་ཚེ་དབང་གི་སློབ་མ་ཡིན་ལ།  ཕ་རྒན་གྱི་སློབ་གསོ་ནན་མོའི་འོག །ཀརྨ་སྒར་བྲིས་ཀྱི་མཁས་དབང་ཐང་བླ་ཚེ་དབང་གི་སློབ་མའི་ཐུ་བོ་ཡོན་ཏན་ཚེ་རིང་ལ་བསྟེན་ཏེ།  བོད་ཀྱི་མཛེས་རྩལ་གྱི་གཞུང་ལུགས་ནས་ལག་ལེན་བར་གྱི་མ་ལག་ཡོངས་རྫོགས་བསླབས།  2005ལོར་གེ་སར་སྟོང་ཐང་།འབྲི་བཞེངས་ཀྱི་ལས་གནས་ལ་ཞུགས་པ་དང་།  2007ལོར་ཤམ་བྷ་ལའི་གཏམ་རྒྱུད།སོགས་ཐང་ག་ཆེན་པོ་འབྲི་བའི་ལས་གནས་ལ་ཞུགས།  2012ལོར་འོད་དཔག་མེད།ཀྱི་ཞལ་ཐང་ལ་རྒྱལ་ཡོངས་མི་རིགས་ས་ཁུལ་ལས་རིགས་སློབ་གླིང་གི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་སློབ་མའི་བརྩམས་ཆོས་འགྲེམ་སྟོན་ཐོག་གསེར་གྱི་གཟེངས་རྟགས་ཐོབ།  2013ལོར་མི་ལ་རས་པ།ལ་སྐབས་དང་པོའི་ཀརྨ་བི་ཤྭ་བུམ་པ་རྟགས་མའི་བྱ་དགའ་ཨང་གཉིས་པ་ཐོབ།  2016རྒྱལོརལ་ཆེན་སྡེ་བཞི།དང་གནས་བརྟན་བཅུ་དྲུག སྒྲོལ་མ་ཉེར་གཅིག ཤཱཀྱ་ཐུབ་པ།སོགས་བརྩམས་ཆོས་ཁག་ཅིག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་གིས་གསོག་ཉར་བྱས། 2018ལོར་སྡེ་དགེ་རྩོམ་པ་པོའི་མཐུན་ཚོགས་༽ཀྱིས་བློ་འདྲི་ས་དང་སྒྱུ་རྩལ་པར་གདན་ཞུས་ལས་བསྐོས་བྱས། 2019ལོར་དཀར་མཛེས་ཁུལ་གྱི་རིག་གནས་རྒྱུད་འཛིན་དང་གསར་གཏོད་ཀྱི་“བཟོ་པའི་བུམ་པ་”ཡི་ཁམས་པའི་ལས་ཤེས་པ་ཆེན་མོ་བཅུའི་མཚན་སྙན་ཐོབ།  སྔར་སི་ཁྲོན་ཀརྨ་བི་ཤྭ་གངས་ལྗོངས་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་རི་མོའི་དགེ་རྒན་དང་ལྷ་རིས་པ་གཙོ་བོའི་འགན་ཁུར་མྱོང་ལ།  ད་ལྟ་ཕ་རྒན་གྱིས་གཉེར་བའི་ཀརྨ་སྒར་བྲིས་ཐང་གའི་ལས་གཉེར་ཁང་དུ་ཇུས་འགོད་གསར་གཏོད་དང་སྒྱུ་རྩལ་གྱི་སྤྱི་ཁྱབ་ལྟ་སྐུལ་པའི་འགན་ཁུར་བཞིན་ཡོད་པ་དང་།  རང་གིས་ཀྱང་སྤྱི་གཉེར་ཁང་ཐོ་འགོད་བྱས་ཏེ།  སྤྱི་གཉེར་ཁང་གི་མིང་ལ་སྡེ་དགེ་རྫོང་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཀརྨ་སྒར་བྲིས་ཐང་ག་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་ཟེར། 2013ལོ་ནས་2017ལོ་བར་ནུས་པས་ལྕོགས་ཚོད་ཀྱིས་སློབ་མ་བརྒྱ་གྲངས་ཁ་ཤས་གསོ་སྦྱོང་བྱས་ཡོད།ད་ལྟ་རང་ཉིད་ཀྱི་ཀརྨ་སྒར་བྲིས་ཐང་གའི་ལས་དོན་ཁང་ནང་ཐང་ག་ཇུས་བཀོད་དང་ཐང་ག་བཞེངས་མཁན་ལ་མཛུབ་ཁྲིད་བྱས་ནས་སླད་ཕྱིན་དེ་བས་ཕུལ་བྱུང་གི་ཐང་གའི་སྒྱུ་རྩལ་གཏོད་ཆེད་ལེགས་སྐྱེས་འབུལ་གྱི་ཡོད།

  • ལེ་ཚན་སྔོན་མ།:ལྷ་བཟོ་བཀྲ་ཤིས་རྡོ་རྗེ།
  • ལེ་ཚན་རྗེས་མ།:ལྷ་བཟོ་ཨོ་རྒྱན་རྡོ་རྗེ།