ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པའི་རྐང་དཔོན་ཧོང་ཐེན་ཏེ་དང་བཅས་པར་མཇལ་འཕྲད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-01-27

    ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ཧོང་ཐེན་ཏེ་དང་བཅས་པར་མཇལ་འཕྲད་གནང་ཞིང་། ཕྱོགས་གཉིས་པོས་སྔར་བས་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་ཐད་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཧོང་ཐེན་ཏེ་དང་བཅས་པ་ཕེབས་པར་དགའ་བསུ་ཞུ་བ་དང་། ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པས་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལས་གཞི་འཛུགས་སྐྲུན་དང་དབུལ་ཐར་འགག་སྒྲོལ་ཕྱོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པས་ལེགས་ཆ་འདོན་སྤེལ་བྱས་ནས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་སོགས་ཀྱི་ཐད་མུ་མཐུད་མཉམ་ལས་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུའི་ཐུགས་རེ་གནང་ཐོག ཏང་ཨུ་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཧོང་ཐེན་ཏེས་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པའི་ཚབ་མཛད་ནས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པས་མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ། དོ་དམ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྱབ་ཁོངས་མང་པོའི་ཐད་མཉམ་ལས་སྔར་ལས་མང་བས་འཚོལ་ཞིབ་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་ཚོགས་ཆེན་གཉིས་ཀྱི་དུས་ཚོད་གཏན་འཁེལ་བྱས་འདུག
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་གྱིས་མེ་གསོད་གྲབས་སྦྱོང་བྱས་ཏེ་གནོད་སྐྱོན་མ་འོངས་སྔོན་འགོག་བྱས།
  • དོ་སྣང་ཆེ་བའི་རྩོམ།