སྒྲིག་སྲོལ་དང་འགལ་ནས་བྱེས་སུ་མེ་སྤྱད་པ་ཡིན་ན་ཆད་གཅོད་ཅི་འདྲ་འཁུར་དགོས།

སྐལ་ཐུབ་ཀྱིས་བསྡུས་བསྒྱུར་བྱས།        2021-01-25

     ཉེ་ཆར། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་སྲོལ་དང་འགལ་ནས་བྱེས་སུ་མེ་སྤྱོད་མཁན་བཅུ་ལྷག་ལ་སྲིད་འཛིན་བཀར་ཉར་གྱི་ཆད་གཅོད་བྱས་པ་རེད། སྒྲིག་སྲོལ་དང་འགལ་ནས་བྱེས་སུ་མེ་སྤྱད་པ་ཡིན་ན་ཆད་གཅོད་ཅི་འདྲ་འཁུར་དགོས་རེད་ཟེར་ན། 2020ལོའི་ཟླ་བ12པའི་ཚེས31ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས《2021ལོའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་བཀའ་རྒྱ》བཀྲམས་ཏེ་གཏན་འབེབས་འདི་འདྲ་བྱས་ཡོད་རེད། མེ་འགོག་གི་དུས་རིམ་ནང་དུ་ནགས་ཚལ་དང་རྩྭ་ཐང་མེ་འགོག་ས་ཁུལ་དུ་སྒྲིག་སྲོལ་དང་འགལ་ནས་བྱེས་སུ་མེ་སྤྱོད་མཁན་ཚང་མ་ལ་ཁྲིམས་ལྟར་ཐ་ཚིག་བསྒྲགས་པ་དང་། དངུལ་ཆད་གཅོད་པ། ཡང་ན་བཀར་ཉར་བྱེད་པ་བཅས་ཀྱི་སྲིད་འཛིན་ཆད་གཅོད་བྱ་རྒྱུ་རེད། ལས་འཁྱུད་ངལ་གསོ་བྱེད་མཁན་ཚུད་པའི་གཞུང་ལས་སྒྲུབ་མཁན་ཚང་མ་ལ་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟར་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་གཅད་རྒྱུ་དང་། ཚབས་ཆེ་ན་ལས་གནས་ནས་ཕྱིར་ཕུད་གཏང་རྒྱུ་རེད། མེ་སྤྱོད་ཡུལ་ན་ཡོད་པའི་ལས་འཁྱུད་ངལ་གསོ་བྱེད་མཁན་ཚུད་པའི་གཞུང་ལས་སྒྲུབ་མཁན་གྱིས་མེ་སྤྱོད་མཁན་ལ་བཀག་འགོག་མི་བྱེད་པ་དང་། ཡང་ན་བཀག་འགོག་བྱེད་ཤུགས་མི་འདང་བ་ཡིན་ན། ཚང་མ་ལ་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟར་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་གཅད་རྒྱུ་རེད། མེ་ཤོར་དུ་བཅུག་ནས་བྱས་ཉེས་བསགས་པ་ཡིན་ན། ཚང་མ་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏང་རྒྱུ་རེད། ནགས་ཚལ་དང་རྩྭ་ཐང་ལ་མིས་བཟོས་པའི་མེ་སྐྱོན་ཚབས་ཆེན་དང་དེའི་ཡན་ཡིན་པའི་མེ་སྐྱོན་ཤོར་བ་དང་ཡང་ན་མི་སྣ་ཚབས་ཆེན་རྨས་པ་ཡིན་ཕྱིན། ཚང་མ་ལ་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟར་འགན་འཁྲི་ནན་འདྲི་བྱ་རྒྱུ་རེད།

    ནགས་ཚལ་དང་རྩྭ་ཐང་ལ་མེ་ཤོར་བའི་གནས་ཚུལ་མཐོང་ཚེ། ཁྱེད་རང་གིས་དེ་མ་ཐག་ནགས་ཚལ་དང་རྩྭ་ཐང་ལ་མེ་ཤོར་བའི་ཉེན་གཏོང་ཁ་པར་ཨང་གྲངས12119རྒྱག་རོགས།།


  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དངོས་རྫས་གཏོང་སྤྲོད་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་ཚོགས་ཆེན་གཉིས་ཀྱི་དུས་ཚོད་གཏན་འཁེལ་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།