དགུན་གྱི་རང་མདངས།

དཀོན་མཆོག་བཀྲ་ཤིས།        2021-01-18

དུས་ཀྱི་རེས་འཁོར་དགུན་ཁ་སླེབས་སོང་།།

སྡོང་བོའི་ལོ་མ་ས་རུ་འཐོར་སོང་།།

མི་ཚེའི་སྐྱིད་ངོགས་ཁ་བར་དབང་སོང་།།

བརྗོད་པའི་སྙིང་གཏམ་གངས་ལ་

ཟགས་སོང་།།

གངས་རིའི་རང་མདངས་ཀུན་

ལ་མངའ་བས།།

དངུལ་དཀར་འཇིག་རྟེན་

རང་བྱོན་གྲུབ་སོང་།།

འཇིག་རྟེན་འཚོ་བའི་གྲུ་ཟུར་

ངོགས་ནས།།

དགུན་ཁའི་ཡུལ་ལྗོངས་མཛེས་

པར་སྣང་སོང་།།

ཆབ་རོམ་ཞུན་པ་དངུལ་ལ་འཁུ་ཞིང་།།

འོད་ཟེར་སྟོང་ལྡན་མིག་དབང་འཕྲོག་པས།།

བདག་བློའི་རབ་ཁ་འོད་ཀྱིས་ཁེངས་པ།།

ས་སྟེང་དངུལ་གྱིས་གང་བ་ཡིན་ནམ།།

དགུན་ཁའི་ཁ་བ་ལྷབ་ལྷབ་བབས་བྱུང་།།

རི་ལུང་ཐང་གསུམ་དཀར་པོར་བསྒྱུར་སོང་།།

གཡང་གི་ལྷས་རའི་དཀྱིལ་ལ་བབས་ནས།།

གཡང་གི་ཕྱྭ་གཡང་འཁྱེར་ནས་

སླེབས་སོང་།།

དགུན་ཟླ་རིང་མོ་གནས་འདིར་སླེབས་སོང་།།

དལ་འབབ་ཆུ་མོ་འཁྱགས་པས་བསྡམ་སོང་།།

དར་ཤུད་བྱེད་པའི་བྱིས་པའི་ཚོགས་ལ།།

སྤྲོ་བ་འབུམ་གྱི་འཛུམ་མདངས་བླུད་བྱུང་།།

དགུན་གྱི་བདག་མོ་མཁའ་ལས་བབས་སོང་།།

ཁྲུང་ཁྲུང་དཀར་མོ་ལྷོ་རུ་འཕུར་སོང་།།

བྱང་ཐང་སྐྱ་བོའི་ཡུལ་གྲུ་འདི་ནས།།

རྩྭ་སྐྱ་འཇག་མའི་ཤུགས་གླུ་རྒོད་དོ།།

གཡུ་ཡི་འཇིག་རྟེན་དངུལ་ལ་བསྒྱུར་བའི།།

ཡུལ་གྱི་དགུན་ཁའི་རང་མདངས་དྲན་བྱུང་།།

སློབ་རའི་ལྗོངས་ཀྱི་དགོད་སྒྲའི་གླིང་ནས།།

ཕ་ཡུལ་སྐྱིད་པོ་ལུང་བ་གླེང་ཡོད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་ཞིང་སྡེའི་འཐུང་ཆུ་འགན་ལེན་ཏན་ཏིག་བྱས།
  • ལེ་ཚན་རྗེས་མ།:དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།