ཞའོ་ཡིའུ་ཚའེ་ཡིས་ཉག་ཆུ་རྫོང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ལྟ་ཞིབ་མཛུབ་ཁྲིད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-01-18

     སྤྱི་ཟླ་དང་པོའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ་ཞའོ་ཡིའུ་ཚའེ་ཡིས་ཉག་ཆུ་རྫོང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ལྟ་ཞིབ་མཛུབ་ཁྲིད་གནང་སྐབས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་གཏོང་བ་དང་། བསམ་བློའི་ཐད་སླར་ཡང་ཉེན་ཟོན། བྱ་སྤྱོད་ཐད་ཡང་བསྐྱར་ཤུགས་འདོན། ཚོད་འཛིན་ཐད་སླར་ཡང་དམ་ནན་བཅས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་དོན་དེ་མིག་སྔའི་དོན་ཆེན་ཨང་དང་པོར་མཐའ་གཅིག་ཏུ་བརྩིས་ནས། དམ་འཛིན་དང་ནན་འཛིན། ཕན་འབྲས་ཐོན་པ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་ལ་མིས་བཟོས་མེ་སྐྱོན་མི་འབྱུང་བར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

    ཞའོ་ཡིའུ་ཚའེ་ཡིས་ལྟ་ཞིབ་མཛུབ་ཁྲིད་གནང་སྐབས་ད་དུང་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉག་ཆུ་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་དོན་གྱི་སྙན་ཞུར་གསན་པ་དང་། ཁོང་གིས་ཉག་ཆུ་རྫོང་གི་དེ་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་བསླབ་བྱ་ཕྱོགས་བསྡོམས་བྱས་ནས། ཞིང་ཆེན་དང་ཁུལ་གྱི་རབ་དང་རིམ་པའི་ཐབས་ཇུས་བཀོད་སྒྲིག་སྔར་བས་དོན་འཁྱོལ་ཡག་པོ་བྱ་དགོས་པ་དང་། བསམ་བློའི་ཐོག་ངེས་པར་དུ་མཐོང་ཆེན་དང་འགན་འཁྲི་ངེས་པར་དུ་དོན་འཁྱོལ། དྲིལ་བསྒྲགས་ངེས་པར་དུ་གནད་ལ་འཁེལ་བ། འགན་འཁྲི་རྩད་གཅོད་ངེས་པར་དུ་ནན་པོ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ཀྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས། དུས་མཚུངས་སུ་རིམ་པ་ཁག་དང་སྡེ་ཁག་སོ་སོས་སེམས་ཁྲལ་གྱི་འདུ་ཤེས་བརྟན་པོ་བཅང་པ་དང་། དུས་དང་གནས་བབ་དང་བསྟུན་ནས་བྱེད་ཐབས་གནད་ལ་སྨིན་བ་སྤྱད་པ་དང་། དུས་ཐོག་ཏུ་རིམས་བབ་འགོག་ཟོན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་ཞིབ་འཇུག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:རི་ཆེན་གྱིས་བདེན་དཔང་བྱས་པའི་འགྲིམ་འགྲུལ་གྱི་འཕེལ་འགྱུར།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།