རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བྱེད་ཤུགས་ཆེ་རུ་བཏང་།

དབྱངས་ཅན་གྱིས་བསྒྱུར།        2021-01-18

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་ཀའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་གནད་སྒྲོལ་ཞིང་། དཀའ་སྒྲུབ་དངོས་སྒྲུབ་བྱས་པ་དང་། ནུས་ཤུགས་ལྷོད་མེད་སྒོས་གནད་སྨིན་ནུས་འདོན་དང་ཕྱོགས་མང་མཉམ་སྒྲུབ་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཏན་ཏིག་བཏང་སྟེ་དབུལ་ཐར་གྱི་ནུས་པ་ཇེ་དྲག་ཏུ་བཏང་བ་རེད།

    མིག་སྔའི་བར་དུ་རང་ཁུལ་གྱི་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་དེ་སྟོབས་ལྡན་ཡོང་བ་དང་། ལས་ཞུགས་ཡོང་སྤར་གྱི་གྲུབ་འབྲས་མངོན་གསལ་ཡིན་ཞིང་། འཛད་སྤྱོད་དབུལ་སྐྱོར་ལ་ཕན་འབྲས་རགས་ཙམ་ཐོབ་པ། དངུལ་གྲངས་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་ཕྱིན་ཡོད། རྫོང(གྲོང་ཁྱེར)དབུལ་ཕོངས18ཀྱི་དབུལ་ཞྭ་ཕུད་ཐུབ་པ་དང་། གྲོང་སྡེ་དབུལ་ཕོངས1360ཚང་མ་དབུལ་ཕོངས་ཀྱི་གྲས་ལས་ཕྱིར་འཐེན་ཐུབ་པ། མི་འབོར་དབུལ་ཕོངས་ཁྲི22.55དབུལ་ཐར་བྱུང་ཡོད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་ཡོང་ཐུབ་རན་ཡོད།

    ཞིང་ཆེན་ཏང་ཨུའི་ཞིང་ལས་ཐད་བྱས་རྗེས་མང་པོ་གཞག་དགོས་པའི་བཀོད་སྒྲིག་གི་བླང་བྱ་ལྟར། རང་ཁུལ་གྱིས་ཁྱད་ཆོས་ཐོན་ལས་ཀྱི་རྟེན་གཞི་མུའུ་ཁྲི6.2གསར་དུ་བསྐྱར་འཛུགས་བྱ་རྒྱུ་དང་། ཞིང་པའི་མཉམ་ལས་ཁང་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང8གསོ་སྤེལ་བྱ་རྒྱུ། ཚན་རྩལ་གྱི་དཔེ་སྟོན་རྟེན་གཞི31འཛུགས་སྐྲུན་བྱ་རྒྱུ་བཅས་དང་། མཛེས་སྡུག་བག་ཆགས་ཀྱི་གྲོང་སྡེ6དང་། དེང་རབས་ཞིང་ལས་གླིང་ཁུལ9 ཞིང་ཆེན་རིམ་པའི་དཔེ་སྟོན་ཁྱིམ་ཚང་གི་ཞིང་ར4བཅས་ཡིག་ཐོག་སྙན་ཞུ་བྱ་རྒྱུ་དང་། ཚོང་གཉེར་གསར་པའི་བྱེད་པོ1999ཡོད་པས་དུད་ཚང་དབུལ་ཕོངས་ཁྲི2.9ལྷག་གི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས། གཙོ་ཁྲིད་ཁེ་ལས31ཚང་མ་ལས་མགོ་བསྐྱར་འཛུགས་བྱས་ཏེ་མི་འབོར་དབུལ་ཕོངས་ཁྲི1.3ལྷག་ལ་ཕན་འབྲས་ཐོབ་པ་རེད།

     དུས་མཚུངས་སུ་ངལ་རྩོལ་མི་ལག་དབུལ་ཕོངས་ཀྱི་ལས་གནས་བརྟན་སྲུང་དང་ལས་ཞུགས་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ལས་ཀའི་ཆེད་གཉེར་འཛིན་གྲྭ་འཛུགས་གཉེར་བྱས་ནས། ལས་གནས་ངོ་སྤྲོད་དང་ཞབས་ཞུའི་ལས་ཀ་དངོས་སུ་ཡག་པོ་བསྒྲུབས་ཡོད། ངལ་རྩོལ་མི་ལག་དབུལ་ཕོངས་ཕྱི་ཕྱོགས་སུ་ངལ་ལས་བྱེད་སར་འགྲོ་ཚད་མི་གྲངས་ཁྲི5.6ལ་སླེབས་ནས་ལོ་གོང་མའི་ལོ་མཇུག་གི་ངལ་ལས་གླ་པའི་མི་གྲངས་ཀྱི་བརྒྱ་ཆ113བཟུང་ཡོད། ངལ་རྩོལ་མི་ལག་དབུལ་ཕོངས10408གསོ་སྐྱོང་སྦྱོང་བརྡར་དང་། ངལ་རྩོལ་མི་ལག་དབུལ་ཕོངས8611གནས་སྤོ་ལས་ཞུགས། སྤྱི་ཕན་རང་བཞིན་གྱི་ལས་གནས28490གསར་སྦོལ་བཅས་བྱས་ཤིང་། དབུལ་སྐྱོར་རྟེན་གཞི(འཁོར་ཁང)109ལ་མི་འབོར་དབུལ་ཕོངས1623རྒྱང་ཐག་ཉེ་སར་ལས་ཞུགས་བྱེད་ཐུབ་ཡོད།

འཛད་སྤྱོད་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་གང་ཐུབ་བྱས་ཏེ་རིམ་བརྩིས་ཀྱིས《རྒྱལ་ཡོངས་དབུལ་སྐྱོར་ཐོན་རྫས་ཀྱི་དཀར་ཆག》ཏུ་བདམས་ཐོན་བྱུང་ནས་དབུལ་སྐྱོར་ཐོན་རྫས330དང་མཁོ་སྤྲོད་ཚོང་ཁང77ཡོད་པས་རིན་གོང་སྒོར་དུང་ཕྱུར5.25ཙམ་རི་བ་དང་། བྲིན་འཚོང་བྱས་ཚད་སྒོར་དུང་ཕྱུར1.62ལ་སླེབས་པ་དང་། “སི་ཁྲོན་དབུལ་སྐྱོར”གྱི་སྤྱི་ཕན་ཁྱད་རྟགས་གྲགས་ཅན་དུ་རིམ་རྩིས་ཀྱིས་མནའ་ཞུགས་ཁེ་ལས114ཡོད། ཚོང་རྟགས་ཡོད་པའི་ཐོན་རྫས237ཡོད། དྲྭ་ཐོག་ཏུ་མ་དངུལ་སྒོར་ཁྲི443.29དང་ཡུལ་དངོས་སུ་སྒོར་ཁྲི3353.38བྲིན་འཚོང་བྱས་ནས་དུད་ཚང་དབུལ་ཕོངས7646ལ་ཕན་འབྲས་ཐོབ་ཡོད།

     རིམ་རྩིས་ཀྱིས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ལ་དངུལ་གྲངས་ཉུང་བའི་ཡིད་རྟོན་དབུལ་བུན་སྒོར་དུང་ཕྱུར12.05གཏོང་སྤྲོད་དང་། རིམ་རྩིས་ཀྱིས་དུད་ཚང15462ཀྱི་དངུལ་བུན་སྒོར་དུང་ཕྱུར6.12འཇལ་སྤྲོད་བྱས་པ་དང་དངུལ་བུན་ལྷག་མ་སྒོར་དུང་ཕྱུར5.93ཡོད། 2020ལོར་དུད་ཚང811གི་དངུལ་བུན་སྒོར་ཁྲི3815.4གསར་སྣོན་བྱས་ཡོད། དུད་ཚང309ཡི་དངུལ་བུན་སྒོར་ཁྲི1292དུས་ཡུན་ཕྱི་འགྱངས་བྱས་ཡོད་དོ།།

 

 

  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་ཉག་ཆུ་རྫོང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་ལས་ཀར་ལྟ་ཞིབ་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ཞིང་འབྲོག་ས་ཁུལ་དུ་དྲྭ་ཐོག་དང་དྲྭ་འོག་ལ་ཚོང་འདུས་དམངས་ཕན་གྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།