སི་ཁྲོན་གཤོང་སར་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར300ལ་ཟིན་པའི་རླངས་ཆེན་ཁུལ་བསྐྲུན།

ཡེ་ཤེས་ཀྱིས་བསྒྱུར།        2021-01-14

    ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་རླངས་ཞིང་ཁ་སྤྱི་གཉེར་ཁང་གིས་འདི་ལོར་སི་ཁྲོན་གཤོང་སར་རིམ་རྩིས་བྱས་ན་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར300.0016མཁོ་འདོན་བྱས་ཤིང་། རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར300ལྷག་ཙམ་ལ་ཟིན་པའི་རླངས་ཆེན་ཁུལ་ཐོག་མ་དེར་གྱུར་ཡོད།

    སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་བརྒྱུད་པའི་སི་ཁྲོན་གཤོང་སར་རྒྱུན་གཏན་སོལ་རླངས་དང་རྡོ་གཡམ་སོལ་རླངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། དེ་གར་རང་རྒྱལ་གྱི་རང་བྱུང་སོལ་རླངས་ཐོན་ཁུལ་གལ་ཆེན་ཞིག་རེད། འདི་ལོ་ནས་བཟུང་། རིམས་ནད་དང་སྣུམ་རིན་གྱི་ཚོད་བགམ་ཆེན་པོ་གཉིས་ཀྱི་མདུན་དུ་ལྷོ་ནུབ་སྣུམ་རླངས་ཞིང་ཁ་སྤྱི་གཉེང་ཁང་གིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཅིང་རྩད་ཞིབ་ཐད་ཚད་བརྒལ་གསར་པ་གལ་ཆེན་བྱུང་བ་དང་། གསར་སྤེལ་ཐད་རང་བྱུང་སོལ་རླངས་ཉིན་རེར་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1ལས་བརྒལ་བ་དང་། ལོར་སོལ་རླངས་ཐོན་ཚད་དུས་མཚུངས་ལས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར50ཙམ་འཕར་ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར315ལས་བརྒལ་རེ་ཡོད་པ་དེའི་དྲོད་ཚད་ནི་ལོ་རེར་ཐོན་ཚད་ཏུན་ཁྲི2500ཟིན་པའི་སྣུམ་ཞིང་ཆེ་ཤོས་ཤིག་དང་མཚུངས་ཀྱི་ཡོད་པ་རེད།

    མིག་སྔར་སི་ཁྲོན་གཤོང་སའི་སི་ཁྲོན་ལྷོ་རྒྱུད་ཀྱི་རྡོ་གཡམ་སོལ་རླངས་ཁུལ་དུ་རྩད་ཆོད་པའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་ལས་བརྒལ་བ་དང་། རྡོ་གཡམ་སོལ་རླངས་ལོར་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བརྒྱར་ཟིན་ཏེ། རྡོ་གཡམ་སོལ་རླངས་རྩད་ཞིབ་གསར་སྤེལ་གྱི་བྱེད་པོའི་ལག་རྩལ་གྱི་མ་ལག་ཆེ་གྲས་དྲུག་ཏུ་གྲུབ་ནས་རང་རྒྱལ་གྱི་རྡོ་གཡམ་སོལ་རླངས་ཐོན་ཁུལ་ཆེ་ཤོས་སུ་གྱུར་པ་དང་། ཨན་ཡའོ་རླངས་ཞིང་དུ་རྩད་ཆོད་པའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་ལས་བརྒལ་བ་དང་། ལོར་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར150ལྷག་ཙམ་ལ་ཟིན་ནས་སི་ཁྲོན་གཤོང་སའི་རྒྱུན་གཏན་གྱི་རླངས་ཞིང་ཆེ་ཤོས་སུ་གྱུར་ཡོད།

     ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་རླངས་ཞིང་ཁ་སྤྱི་གཉེར་ཁང་གིས་རང་བྱུང་སོལ་རླངས་བཀོད་གཏོང་ལྟེ་གནས་ཀྱི་ལས་རེས་བཟོ་བཀོད་པ་ལིའུ་ཝུའེ་ཡིས། ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར300ལ་ཟིན་པའི་རླངས་ཆེན་ཁུལ་བསྐྲུན་པ་དེ་ལོར་མ་བཅོས་རྡོ་སྣུམ་ཏུན་ཁྲི་2400ཐོན་སྐྱེད་བྱས་པ་དང་མཚུངས་ཀྱི་ཡོད། དེས་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་རླངས་འགྱུར་བྱེད་ཚད་ཀྱི་སྔོན་ཐོན་ལེགས་ཆ་མུ་མཐུད་དེ་རྒྱུན་འཁྱོངས་ཐུབ་ནས། རྒྱལ་ཡོངས་སུ་རང་བྱུང་སོལ་རླངས་སྤྱོད་མང་བའི་ཐད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་སྲིད་ཅེས་བཤད་པ་རེད།།

 

  • ལེ་ཚན་སྔོན་མ།:གཏམ་བཟང་། ཏོག་གསར་འགོག་ཁབ་དམངས་ཡོངས་ལ་རིན་མེད་ངང་རྒྱག་རྒྱུ་རེད།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སང་ལོའི་ལོ་སྟོད་ལ་བར་སྣང་ས་ཚུགས་ཀྱི་གཙོ་ཤག་འཕུར་གྲུ་འཕེན་གཏོང་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།