ཁུལ་ཡོངས་ཀྱི་གྲོང་སྡེའི་ཁང་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-11-26

སྤྱི་ཟླ11པའི་ཚེས13ཉིན། ཁུལ་ཡོངས་ཀྱི་གྲོང་སྡེའི་ཁང་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཉེ་ཤིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རྫོང(གྲོང་ཁྱེར)ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཞིང་པའི་ཁང་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་སྡོད་ཁང་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་གནས་བབ་མཐོ་རུ་གཏོང་བ་དང་དུས་བབ་གསལ་རྟོགས་བྱས་ཏེ་གྲལ་བཤེར་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏན་ཏིག་གཏོང་ཞིང་། རྫོང(གྲོང་ཁྱེར)ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་གྲོང་སྡེའི་ཁང་པའི་ཉེན་མེད་གནད་དོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱ་དགོས། ཁུལ་གྲོང་སྡེའི་ཁང་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལག་བསྟར་ཇུས་གཞིའི་དུས་ཚོད་དང་ལས་འགན་གྱི་བླང་བྱ་གཞིར་བཟུང་སྟེ། གཙོ་གནད་ལས་དོན་དམ་འཛིན་ཏན་ཏིག་བྱས་ཤིང་། རྣམ་འགྱུར་ནན་ཤོས་དང་བྱེད་ཐབས་ནན་ཤོས། སྤྱོད་ཚུལ་ནན་ཤོས་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ཀྱིས་གྲལ་བཤེར་བཅོས་སྐྱོང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏང་དགོས། དམངས་འཚོ་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཐོབ་པའི་ཚོར་སྣང་དང་བློ་ཡིད་ཚིམ་པའི་ཚོར་སྣང་ཇེ་དྲག་ཏུ་གཏང་དགོས། རོགས་ལས་ལ་ཤུགས་སྣོན་དང་ལྟ་སྐུལ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གྲལ་བཤེར་བཅོས་སྐྱོང་གི་ལས་འགན་ཁག་རྣམ་པར་རྒྱལ་བའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས། ཁོངས་གཏོགས་ས་ཆའི་དོ་དམ་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་དགོས་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས་དམིགས་ཚད་ལས་འགན་དུས་ཐོག་དང་སྤུས་ཚད་མཐོ་བའི་ངང་ནས་ལེགས་འགྲུབ་ཐུབ་པར་འགན་ལེན་བྱ་དགོས།།

  • ལེ་ཚན་སྔོན་མ།:གནའ་བོའི་གྲོང་སྡེ་ལ་དེང་རབས་ཀྱི་མཛེས་ཉམས་མངོན།
  • ལེ་ཚན་རྗེས་མ།:ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནས་ཚུལ་ལ་དོགས་ཟོན་བླ་ན་མེད་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་མེད་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།