ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནས་ཚུལ་ལ་དོགས་ཟོན་བླ་ན་མེད་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་མེད་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2020-11-26

སྤྱི་ཟླ11པའི་ཚེས13ཉིན་ལ་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་རང་ཁུལ་གྱི་ལྕགས་ཟམ་རྫོང་དུ་ཕེབས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནས་ཚུལ་ལ་དོགས་ཟོན་བླ་ན་མེད་པར་བྱས་ཏེ་བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས་ཚད་གཞི་དེ་བས་མཐོ་ཞིང་བླང་བྱ་དེ་བས་ནན་པོ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་ཆེད་དོན་དག་ཐེར་བཅོས་སྐྱོང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་ལས་ཀ་དངོས་འཛིན་དང་དམ་འཛིན་བྱ་དགོས། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བ། ཞན་ཆ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་མེད་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།

རྡོ་རྗེ་རབ་བརྟན་དང་བཅས་པ་ལྕགས་ཟམ་རྫོང་གི་ཡུལ་དངོས་སུ་མེ་གསོད་མེ་འགོག་དཔུང་སྡེ་དང་དངོས་རྫས་རྒྱུ་ཆས་སྒྲིག་ཆས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། ད་དུང་མེ་གསོད་ཀྱི་ལས་གྲྭ་དང་པོའི་ལས་སྒྲུབ་པར་འཚམས་འདྲི་གནང་བ་རེད། ཁོང་གིས་ཁོ་ཚོར་མེ་གསོད་མེ་འགོག་དཔུང་སྡེའི་མེ་གསོད་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་ཞིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱེད་པའི་ཆེད་ལས་དཔུང་སྡེའི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་དགོས་པའི་ནན་གསུང་གནང་བ་རེད། དེའི་རྗེས་ད་དུང་ཨར་ལང་རི་བོའི་ནགས་ཚལ་གླིང་ག་རུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་བྱས་ཚུན་རྡོ་རྗེ་རབ་བརྟན་གྱིས་ནན་གསུང་གནང་དོན། སི་ཁྲོན་ཞིང་ཆེན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་དག་ཐེར་ལེགས་བཅོས་ཀྱི་དུས་མཚམས་སུ་སླེབས་ཡོད་པས། ས་གནས་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་ཟོན་དུས་སྐབས་སུ་སླེབས་ཡོད། ཁུལ་ཡོངས་ཀྱིས་འབྱུང་རྩ་ནས་དོགས་ཟོན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྔོན་འགོག་བྱེད་ཐབས་དོན་འཁྱོལ་ཡག་པོ་དང་དོ་དམ་ཚོད་འཛིན་ཡག་པོ་བྱ་དགོས། གཞན་ཡང་ཐག་གཅོད་བྱེད་ནུས་ཆེ་རུ་གཏང་རྒྱུ་དེ་འགག་རྩའི་ལྷུ་ཚིགས་སུ་བརྩིས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མི་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཏན་ཏིག་བསྒྲུབ་དགོས། ཞན་ཆ་དང་ཞན་ཆ་གསབ་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་ཚད་གཞི་དང་རེའུ་མིག་བསྡུར་བ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་སུ་འཐུས་སྒོ་ཚང་དུ་གཏང་དགོས་པ་དང་། འགན་འཁྲི་ནན་དུ་གཏང་རྒྱུ་དེ་འགན་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་ཟོན་དང་མེ་གསོད་གཉིས་མཉམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་དགོས།།

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་གྲོང་སྡེའི་ཁང་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མཐོ་རིམ་ཤེས་ཡོན་མི་སྣའི་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་གནས་ཚུལ་ཞིབ་འཇུག་ཟབ་སྦྱོང་དང་གུང་གསེང་ལུས་གསོ་བྱས།
  • དོ་སྣང་ཆེ་བའི་རྩོམ།