དཔལ་ཡུལ་རྫོང་གིས2020ལོའི་སྤྱི་ཚོགས་དབུལ་སྐྱོར་ལ་སྐུལ་འདེད་དང་དབུལ་ཐར་འགག་སྒྲོལ་སྐོར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཚེ་དབང་དཔལ་མོ།        2020-10-26

སྤྱི་ཟླ10པའི་ཚེས12ཉིན་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས7པ་སླེབས་ཉེའི་མཚམས་སུ་དཔལ་ཡུལ་རྫོང་གིས2020ལོའི་སྤྱི་ཚོགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་འགག་སྒྲོལ་སྐོར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཚོགས་དབུལ་སྐྱོར་ཉིན་མོའི་ཞལ་འདེབས་ཀྱི་གྲོས་མགོའི་ཡི་གེ་སྒྲོག་སྦྱངས་བྱས་པ་དང་། དེ་ནས་རྫོང་རིམ་པའི་ཚོགས་ཞུགས་མགོ་ཁྲིད་ཁག་དང་། ཏང་དང་མང་ཚོགས་ཀྱི་སྡེ་ཚན་དང་། སྲིད་གཞུང་སྡེ་ཚན་ཁག ཡུལ་གྲོང་ཁག ཞིང་ཆེན་དང་ཁུལ་ཁོངས་གཏོགས་ཀྱི་སྲིད་འཛིན་ཁེ་ལས་དང་བྱ་གཞག་ཚན་པ། ཤིན་ཡོན་སྤྱི་གཉེར་ཁང་། དམངས་གཉེར་ཁེ་ལས་ཀྱི་འཐུས་མི་སོགས་ལས་ཁུངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ120ལྷག་ཙམ་དང་། ཆུ་གློག་དང་གཏེར་ཁུངས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་འཐུས་མིས་སྔ་རྗེས་སུ་ཞལ་འདེབས་ཕུལ་ཞིང་། ཞལ་འདེབས་སྒོར་མོ་ཁྱོན་ཁྲི82.45འདུས་ཡོད།

ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི2019ནས2020ལོའི་བར་གྱི་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁྲོད་ཐོན་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་བྱ་དགའ་སྤྲད་པ་དང་། བྱ་དགའ་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་བྱས།

ཚོགས་འདུའི་ཐོག་ཁང་ཀོང་ཡིའུ་ཡིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་ཞུས་ནས་དཔལ་ཡུལ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་བྱ་གཞག་ཆེད་རྫོང་སྡོད་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཐུགས་རྗེ་ཆེ་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཁང་ཀོང་ཡིའུ་ཡིས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏང་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་གཞི་འཛིན་བྱེད་ནུས་ལྡན་དུ་བརྩིས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འཛིན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས།དབུལ་ཐར་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བརྟན་པོར་ཁུར་ནས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་རྒྱུན་འཁྱོངས་བརྟན་པོ་བྱ་དགོས་པ་དང་། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་དམ་འཛིན་ལེགས་པོ་བྱེད་ཅིང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལེགས་པོ་བྱེད་པ། གནད་དོན་དག་ཐེར་ཡོ་བསྲང་བྱེད་པ། ཕྱོགས་ཡོངས་ནས་དབུལ་ཐར་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏང་དགོས་པར་བསྟན།

ཁང་ཀོང་ཡིའུ་ཡིས་དབུལ་ཐར་འགག་སྒྲོལ་གྱི་ལོ་ལྔའི་ཞིབ་བཤེར་ལས་དོན་ལ་གྲ་སྒྲིག་ཞིབ་ཚགས་ངང་དམ་འཛིན་བྱ་དགོས་པ་དང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་འགག་སྒོ་མཐའ་མ་དེ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ནས། དབུལ་ཐར་ཕན་འབྲས་ལ་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱ་དགོས། རྫོང་འགག་སྒྲོལ་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སྒྲིག་འཛུགས་བྱས་ནས། དུད་ཚང་གི“གཅིག་བརྒལ་དྲུག་ཡོད” དང་སྡེའི“དམའ་གཅིག་དང་ཡོད་པ་ལྔ་དང་།” རྫོང་གི“དམའ་གཅིག་དང་ཡོད་པ་གསུམ” གྱི་ཚད་གཞི་ནན་པོར་བཟུང་ནས་རང་བཤེར་རང་དཔྱད་བྱ་དགོས་པར་མ་ཟད། དྲིལ་བསྒྲགས་སློབ་གསོ་ལས་ཏང་གི་བཀའ་དྲིན་ཚོར་བའི་གནད་དོན་དང་སློབ་གསོ་འགན་སྲུང་གི་གནད་དོན་ལ་དམིགས་སུ་བཀར་ནས་དོ་ཁུར་དང་། སྨན་བཅོས་འགན་སྲུང་དང་སྡོད་ཁང་འགན་སྲུང་། འཐུང་ཆུའི་ཉེན་མེད། དབུལ་ཕོངས་གྲོང་ཚོའི་ཐུན་མོང་དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་བཅས་ཀྱི་གནད་དོན་དང་། གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་འཕེལ་རྒྱས། དབུལ་ཕོངས་མི་འབོར་གྱི་ནང་སྐྱེས་སྒུལ་ཤུགས་གསོ་སྐྱོང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་ཀྱི་ལས་དོན་བར་སྦྲེལ་མཐུད་བྱེད་པ་བཅས་ཀྱི་ལས་དོན། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ལས་ཀ དབུལ་ཐར་འགག་སྒྲོལ་གྱི་ཡིག་ཚགས་རྩིས་སྤྲོད་ལས་དོན་བཅས་ལ་ཞིབ་བསྡུར་དང་རང་འགུལ་ངང་རང་བཤེར་རང་བཅོས་བྱེད་པ་དང་། ལས་ཀའི་ཁྲོད་འབྱུང་སྲིད་པའི་གནད་དོན་གྱི་ཞན་ཆར་དམིགས་ནས་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱས་ཏེ་སྐྱོན་ཆ་མི་ཤོར་བའི་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:དོན་དག་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། འགན་འཁྲི་དང་བྱ་ཐབས་ནན་འཁྱོལ་བྱ་དགོས།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་གིས་ས་རྒོད་དུ་ལུག་མིག་མེ་ཏོག་བཏབ་ནས་ཕྱུག་འགྱུར་གྱི་ལམ་བུ་དེ་བས་ཡངས་སུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།