དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་གིས་ས་རྒོད་དུ་ལུག་མིག་མེ་ཏོག་བཏབ་ནས་ཕྱུག་འགྱུར་གྱི་ལམ་བུ་དེ་བས་ཡངས་སུ་བཏང་།

ཀུན་དགས་བསྒྱུར།        2020-10-26

སྟོན་ཁའི་འཛུམ་མདངས་ཁྲོད། ལུག་མིག་མེ་ཏོག་རབ་ཏུ་མཛེས། དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་ཤིན་ཤིན་གྲོང་སྨད་དུ་འདེབས་འཛུགས་བྱས་པའི་མུའུ25ཡི་ལུག་མིག་མེ་ཏོག་བཞད་པའི་རྣམ་པ་ཤིན་ཏུ་མཛེས། ཁ་དོག་རྣམ་པར་བཀྲ་བ་དང་འདབ་མ་རབ་ཏུ་རྒྱས་པའི་ལུག་མིག་མེ་ཏོག་གི་བར་ན་གྲོང་མི་ཚོས་གནམ་གཤིས་ཀྱི་བཟང་ངན་དང་བསྟུན་ནས་བྲེལ་བརྩོན་ཆེན་པོས་ཡལ་ག་བཟོ་བ་དང་། ཆུ་རྒྱག་པ། རྩྭ་ལྡུམ་གཙང་སེལ་བཅས་བྱེད་བཞིན་ཡོད། དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་ཤིན་ཤིན་གྲོང་སྨད་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་ལི་ཅི་ལེ་ཡིས་ལུག་མིག་མེ་ཏོག་ལ་ཆུ་འདེབས་ཞོར་དུ་འདིར་ཆུ་ཆད་པས་དང་ས་རྒོད་དུ་ཤོར་ནས་ཞིག་འགོར་སོང་། ཡིན་ཡང་། ལུག་མིག་མེ་ཏོག་བཏབ་ནས་ཡུན་རིང་མ་སོང་བར་འཐུ་རྒྱུ་བྱུང་བས་ཡོང་འབབ་ཅུང་གསོག་ཐུབ་ཀྱིན་འདུག ད་ལྟ་ང་ཚོ་ཚང་མས་འདི་གར་ལས་ཀ་བྱེད་ཀྱི་ཡོད། སྒོ་འགྲམ་དུ་གླ་པར་ཕྱིན་ནས་ཡོང་འབབ་རག་བཞིན་ཡོད་པས་དངོས་གནས་སྟབས་བདེ་པོ་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར། ཤིན་ཤིན་གྲོང་སྨད་དུ་ཆུ་ལོག་དང་། ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ཁྲ་ཅིའུ་ཆུ་རགས་ཀྱི་ས་ཞིང་མུའུ50ཆུས་ཁྱེར་ནས་གྲོང་སྡེ་དེར་གྱོང་གུན་ཆེན་པོ་བཟོས་ཡོད། ཉེ་བའི་ལོ་ཤས་རིང་། ཕོག་ཐག་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་གྲོང་སྡེ་རེར་སྤུས་རྟགས་རེ་ཞེས་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཀྲི་པུའུ་དང་ཐུན་མོང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་བརྒྱུད་ནས་འབབ་འཕར་ཡོང་བར་བྱས། གྲོང་སྡེ་དེའི་ཡུལ་བབ་དང་བསྟུན་ནས་ལུག་མིག་མེ་ཏོག་གི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་ལུག་མིག་མེ་ཏོག་འདེབས་འཛུགས་ཐོན་ལས་རྟེན་གཞི་སྐྱེད་སྲིང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ནས་གྲོང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།

སྔོན་དཔག་བྱས་པ་བརྒྱུད་ལུག་མིག་མེ་ཏོག་མུའུ་རེའི་ཐོན་ཚད་སྤྱི་རྒྱ500ཡིན་པ་དང་། སྤྱི་རྒྱ་རེར་སྒོར10ཡས་མས་ཡིན་ཞིང་། བོགས་ཞིང་དང་ལུད། མིས་བཟོས་དོ་དམ། ཐོག་མའི་ལས་སྣོན་སོགས་ཀྱི་འགྲོ་གྲོན་ཕུད། མུའུ་རེའི་ཆ་སྙོམས་ཕན་འབྲས་སྒོར2000ལ་སླེབས་ཡོད། གྲོང་སྡེའི་ཏང་ཀྲི་པུའུའི་ཧྲུའུ་ཅི་ཝང་ཅུན་ཅན་གྱིས་གསར་འགོད་པར་དེས་གྲོང་སྡེའི་ཐུན་མོང་གི་དཔལ་འབྱོར་གྱི་ཡོང་འབབ་དང་གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་བ་དང་དཔལ་འབྱོར་ཕན་འབྲས་ཧ་ཅང་མངོན་གསལ་དོད་པོ་ཡིན།གྲོང་སྡེའི་སྟོན་བསྡུའི་རྣམ་པ་ཁྱིམ་ཚང་ཚང་མས་མ་རྨོས་ལོ་ཏོག་བཏོག་པ་དེ་ཕོ་མོ་རྒན་གཞོན་ཚང་མས་མེ་ཏོག་འཐུ་བ་ཞིག་ཏུ་གྱུར་ཡོད་པས་མ་ཚད་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད། ཕན་འབྲས་ལྡབ་འཕར་བྱུང་ནས་དབུལ་ཐར་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་པ་དང་། གོམ་སྟབས་རྗེས་མར་གྲོང་སྡེ་དེས་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ནས་མི་སེར་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས2020ལོའི་སྤྱི་ཚོགས་དབུལ་སྐྱོར་ལ་སྐུལ་འདེད་དང་དབུལ་ཐར་འགག་སྒྲོལ་སྐོར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།