འབའ་ཐང་རྫོང་གིས་འགན་ལེན་དང་ལམ་སྲོལ་གསུམ་ལ་བརྟེན་ནས་རྒྱ་བོད་སྐད་ཡིག་གི་མཚན་མོའི་སློབ་གྲྭ་གཉེར་སྟངས་གསར་གཏོད་བྱས།

བདེ་སྐྱིད་ཀྱིས་བྲིས།        2017-10-16

      སྦྱོང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་སྲོལ་ཅན་ལ་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་བོད་སྐད་ཀྱི་ཁ་སྐད་དང་གཞི་རིམ་གྱི་གྲོང་སྡོད་ལས་བྱེད་པའི་རྒྱ་སྐད་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཞིང་། ཁྱོན་ཡོངས་ནས་གཞི་རིམ་གྱི་ལས་ཀ་སྒྲུབ་དུས་ཕན་ཚུན་ཁ་བརྡ་ལབ་བདེ་བའི་ཆེད་དུ། འབའ་ཐང་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་རྒྱ་བོད་སྐད་ཡིག་གི་ཁ་སྐད་གསོ་སྦྱོང་གི་མཚན་མོའི་སློབ་གྲྭ་འདི་སྤྱི་ཟླ10པའི་ཚེས9ཉིན་དངོས་སུ་འགོ་ཚུགས་པ་རེད། སྐབས་དང་པོའི་རྒྱ་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་ནང་སློབ་མ48ཞུགས་ཡོད་པ་རེད། དེའི་རྗེས་ལོ་རེ་རེར་རྒྱུན་རྣམ་ཅན་དུ་འཛིན་གྲྭ་བཙུགས་རྒྱུ་རེད།

     འགན་ལེན་གསུམ་དེ་གཅིག་ནི་འགན་འཁྲི་གསལ་པོ་བྱས་ཏེ་སློབ་སྦྱོང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱག་དགོས་པ་དང་། གཉིས་ནི་གཅིག་སྡུད་སློབ་སྦྱོང་བྱས་ནས་སློབ་སྦྱོང་ཕན་འབྲས་ཡོད་པར་འགན་ལེན་བྱ་དགོས། གསུམ་ནི་སྒྲིག་ལམ་ནན་པོ་བྱས་ནས་སློབ་སྦྱོང་འབྲས་བུ་བཀོལ་སྤྱོད་བྱ་དགོས། ལམ་སྲོལ་གསུམ་དེ་གཅིག་ནི་ཕན་ཚུན་རོགས་སྐྱོར་ལམ་ལུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ་སློབ་སྦྱོང་གི་གྲུབ་འབྲས་དང་ཕན་འབྲས་ལོ་རྒྱུས་ཡུན་རིང་ལྡན་དགོས། གཉིས་ནི་འགན་འཁྲི་འབྲེལ་གཏུག་ལམ་ལུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་སྤེལ་གཏོང་བའི་དར་སྲོལ་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནི་དུས་བཀག་ལྟར་སྐུལ་ཁྲིད་སྟོན་ལམ་ལུགས་བཟོས་ནས་སློབ་སྦྱོང་གི་ཐབས་ཤེས་ལ་ཡུན་རིང་ཕན་འབྲས་ཐོན་དགོས་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ཉེན་མེད་ཐོན་སྐྱེད་བྱེད་སྟངས་ལ་ཕྱོགས་བསྡུས་ལྟ་ཞིབ་བྱས།
  • ལེ་ཚན་རྗེས་མ།:སྒྲོལ་འགྲེལ་བྱས་ཤིང་མི་སེམས་གཅིག་ཏུ་བསྒྲིལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ།
  • དོ་སྣང་ཆེ་བའི་རྩོམ།