སྒྲོལ་འགྲེལ་བྱས་ཤིང་མི་སེམས་གཅིག་ཏུ་བསྒྲིལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ།

བདེ་སྐྱིད་ཀྱིས་བསྒྱུར།        2017-10-16

     དར་མདོ་གྲོང་ཁྱེར།

     སྤྱི་ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། དར་མདོ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེ་བའི་རྒྱས་བཤད་སྒྲོག་འགྲེལ་བྱེད་པའི་ལས་ཀ་འདི་ཚེས10ཉིན་ལ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

དར་མདོ་གྲོང་ཁྱེར་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེ་བའི་རྒྱས་བཤད་སྒྲོག་འགྲེལ་ལས་ཀ་ལག་བསྟར་བྱ་རྒྱུར་མཐོང་ཆེན་བླ་ན་མེད་པར་བྱས་ཏེདར་མདོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེ་བའི་རྒྱས་བཤད་སྒྲོག་འགྲེལ་ལས་ཀའི་ཇུས་གཞིཡིག་ཆ་འགྲེམས་སྤེལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེ་བའི་རྒྱས་བཤད་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ཏེ་ཁྱོན་ཡོངས་ནས་སྒྲོག་འགྲེལ་བྱ་རྒྱུ་རེད།།

     སེར་ཤུལ་རྫོང་།

     སྤྱི་ཟླ9པའི་ཟླ་མཇུག་ཏུ། ཞིང་ཆེན་དང་ཁུལ་ཨུས་སྒྲིག་འཛུགས་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེ་བའི་རྒྱས་བཤད་སློབ་སྦྱོང་སྒྲོག་འགྲེལ་བྱེད་འགོ་ཚུགས་པའི་མཛད་སྒོ་དང་གསོ་སྦྱོང་ཚོགས་འདུ་འགོ་འཚོགས་རྗེས། སེར་ཤུལ་རྫོང་གིས་མགྱོགས་མྱུར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེ་བའི་རྒྱས་བཤད་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་བསྟར་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་པར་མ་ཟད། རྫོང་དེསསེར་ཤུལ་རྫོང་གིས་ཉིན་བརྒྱ་ལ་མཉམ་འཐབ་བྱས་ཤིང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་ལག་བསྟར་ཇུས་གཞིདང་ཟུང་འབྲེལ་བྱས་ནས། ཕྱོགས་བདུན་ལ་སྐྱོད་པའི་སྒྲོག་འགྲེལ་བྱེད་སྒོའི་ཇུས་གཞི་གཏན་འབེབས་བྱས་ནས་རྫོང་དེའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་བྱས་ཏེ། རྩ་འཛུགས་པུའུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། འཐབ་ཕྱོགས་གཅིག་གྱུར་པུའུ། ཁྲིམས་འཛིན་སོགས་ཀྱི་སྡེ་ཁག་དང་མཉམ་དུ་ཟླ་གཅིག་གི་དུས་ཚོད་ནང་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་སྒྲིག་ལམ་ཡོད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་བརྗོད་བྱ་གཙོ་བོ་བྱས་ཏེ། ཕྱོགས་བདུན་ཏུ་སྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་འགན་ལེན་དང་ལམ་སྲོལ་གསུམ་ལ་བརྟེན་ནས་རྒྱ་བོད་སྐད་ཡིག་གི་མཚན་མོའི་སློབ་གྲྭ་གཉེར་སྟངས་གསར་གཏོད་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་བརྟན་འཇགས་འགན་སྲུང་དང་དབུལ་ཐར་འགག་སྒྲོལ་གྱི་ཁྲིད་སྟོན་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།