པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ལས་དོན་བྱ་འགུལ་ལ་རྟོག་ཞིབ་བྱེད་པའི་ལས་དོན་བདེ་ལེགས་ངང་མཇུག་རྫོགས།

        2017-10-01

   

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ་བཅས་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ལས་དོན་བྱ་འགུལ་ལ་རྟོག་ཞིབ་བྱེད་པའི་ལས་དོན་བདེ་ལེགས་ངང་མཇུག་རྫོགས།

     པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར། དགོན་པ་དོ་དམ་སོགས་དཀྱིལ་སྙིང་དུ་བཟུང་ནས་རྟོག་ཞིབ་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་བོ་ཐུགས་ཀྱིས་བཞེས། རྟོག་ཞིབ་བྱེད་སྐབས་པཎ་ཆེན་མཆོག་གིས་ཆོས་ལུགས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་བར་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་མ་ཆེན་པོའི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་རྨད་བྱུང་སྤྱོད་པ་མངོན་པར་བསྟན་ནས། རིགས་སོ་སོའི་སྡེ་ཁག་གི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ། 

     ཟླ་ངོ་གཉིས་ཀྱི་དུས་ཡུན་རིང་། པཎ་ཆེན་མཆོག་གིས་དད་ལྡན་མང་ཚོགས་དང་གྲྭ་བཙུན་ཁྲི་སྟོང་མང་པོར་མཇལ་ཁ་གནང་ནས་གསོལ་འདེབས་ཞུས།   །
 


  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི2287ཡོད་པ།
  • ལེ་ཚན་རྗེས་མ།:​མངའ་རིས་ས་ཁུལ་གྱིས་རྣམ་པ་སྣ་ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུས་པ།
  • དོ་སྣང་ཆེ་བའི་རྩོམ།