སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།        2017-09-22

  སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

  ལོ་ཟླ9པའི་ཚེས22ཉིན་གྱི་སྔ་དྲོར། ལྷ་མོ་ཟློས་གར་གསར་གཏོད་དང་འཕེལ་རྒྱས། བརྟག་དཔྱད་ཞིབ་འཇུག་བྱེད་པའི་བགྲོ་གླེང་ཚོགས་འདུ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།

སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ལི་པིང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་ཟློས་གར་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཡན་ཧྥུ་ཁྲང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་འཁྲབ་གཞུང་ལས་དོན་ཁང་གི་ཀྲུའུ་རེན་ཏིང་མིང་། ཆེད་རམས་པ་དང་དགེ་རྒན་ཆེན་པོ། ལྷ་མོ་ཟློས་གར་ཚོགས་པའི་ཚོགས་གཙོ་བཅས་བགྲོ་གླེང་ཚོགས་འདུའི་ནང་ཞུགས་ཡོད་པ་རེད། 

སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

    ཤེས་རྟོགས་བྱུང་བར་གཞིགས་ན།  ཟླ་བ9པའི་ཚེས17ཉིན་ནས་ཚེས23ཉིན་གྱི་བར། 2017ལོའི་སི་ཁྲོན་གྱི་ལྷ་མོ་ཟློས་གར་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་འདི་ནི་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད།

སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

    བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི་རང་རེའི་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་མོ་བྱེད་པ་དང་།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏང་རྒྱུའི་སྐོར་གྱི་མཛུབ་སྟོན་དོན་འཁྱོལ་ཏན་ཏིག་བྱེད་པའི་ཆེད་དུ་རེད།  ཐེངས་འདིའི་བྱེད་སྒོའི་ནང་ཞིང་ཆེན་དང་ཁུལ་གྱི་ལྷ་མོ་ཟློས་གར་ལས་དོན་གཉེར་མཁན་གྱི་ཆེད་རམས་པ30ལྷག་རང་ཁུལ་གྱི་དར་མདོ་དང་ཉག་ཆུ། འབའ་ཐང་སོགས་རྫོང་ཁག་ཏུ་ཕྱིན་ནས་ལྷ་མོ་ཟློས་གར་ལ་བརྟག་དཔྱད་ཞིབ་འཇུག་དང་། ལྷ་མོ་ཟློས་གར་གྱི་རིག་གནས་འཚོལ་བསྡུ་དང་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། དགེ་རྒན་དང་ཆེད་རམས་པ་ཚོས་རང་ཉིད་ཀྱི་ལྟ་བ་དང་མྱོང་ཚོར་བཅས་བགྲོ་གླེང་ཚོགས་འདུའི་ཐོག་ལྷུག་བརྗོད་བྱས་པ་རེད། ཚང་མས་རང་རེའི་ཞིང་ཆེན་གྱི་ལྷ་མོ་ཟློས་གར་འཁྲབ་སྟངས་འདི་བོད་ཁུལ་ས་གནས་གཞན་གྱི་ལྷ་མོ་ཟློས་གར་འཁྲབ་སྟོན་བྱེད་སྟངས་དང་བསྡུར་ན་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་རེད་ཅེས་མཐའ་གཅིག་ཏུ་ངོས་འཛིན་བྱས་པ་རེད།  ཆེད་རམས་པ་ཚོས་ད་དུང་ལྷ་མོ་ཟློས་གར་གྱི་རིག་གནས་རྒྱུན་འཛིན་བྱེད་ཐབས་དང་། ལྷ་མོ་ཟློས་གར་སློབ་གྲྭ་རུ་སྐྱོད་པའི་ཐབས་ཤེས། ལྷ་མོ་ཟློས་གར་ཇི་ལྟར་བྱས་ན་ད་གཟོད་མི་རྣམས་གྱིས་ལྟ་འདོད་ཡོད་ལ་ཡི་རང་བ་དང་།  ལྷ་མོ་ཟློས་གར་གྱི་གོ་དོན་གོ་སླ་བ་བཟོ་སྟངས།  ལྷ་མོ་ཟློས་གར་གྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏང་རྒྱུའི་སྐོར་ལ་རང་རང་གི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། །  

སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ཀྱི་ལམ་དུ་བཞུད།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།