སློབ་མགོ་བཙུགས་དུས་སེམས་ལ་ངེས་དགོས་པའི་ཉེན་མེད་ཤེས་བྱ་འགའ།

དབྱངས་ཅན་གྱིས་བསྒྱུར།        2020-09-04

    

སློབ་མགོ་བཙུགས་དུས་སེམས་ལ་ངེས་དགོས་པའི་ཉེན་མེད་ཤེས་བྱ་འགའ།

   གཅིག འགྲིམ་འགྲུལ་ཉེན་མེད་སྐོར། སློབ་མགོ་བཙུགས་རྗེས་སློབ་མ་ཚོ་སློབ་གྲྭ་ནས་ཕྱིར་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་གྱི་ཁོར་ཡུག་སྣ་ཚོགས་དང་འཕྲད་སྲིད་པས། ཁྱིམ་བདག་གིས་ཕྲུ་གུ་ཚོར་ལམ་བར་གྱི་གནས་ཚུལ་ལ་དོགས་གཟབ་བྱ་དགོས་པའི་དྲན་སྐུལ་བྱ་དགོས་པ་དང་། རླངས་འཁོར་གྱི་སྒོ་གློ་བུར་དུ་ཕྱེ་ནས་ཕྱི་ལ་འབུད་རྒྱུ་དང་། གཞུང་ལམ་དུ་འཕྲེད་རྒྱུག་བྱ་རྒྱུ། ཐ་ན་གཞུང་ལམ་དུ་རྩེད་འཇོ་བྱ་རྒྱུ། གཞུང་ལམ་དུ་འགྲོ་སྐབས་མགོ་སྒུག་ནས་རོལ་དབྱངས་དང་ཡང་ན་དཔེ་ཆ་བལྟ་རྒྱུ་སོགས་བྱ་རྒྱུ་གཏན་ནས་མེད།

གཉིས། རིམས་འགོག་ཉེན་མེད་སྐོར། ཟ་མ་མ་བཟའ་བའི་སྔོན་དང་བཟས་རྗེས་ལ་ལག་པ་འཁྲུད་པ་དང་། གད་སྙིགས་ལ་རེག་པ་དང་ཕྱི་ཕྱོགས་ནས་ཁྱིམ་དུ་ལོག་རྗེས་ལག་པ་གཙང་མ་བཀྲུ་དགོས། དེར་མ་ཟད་ནམ་རྒྱུན་ཁ་རས་དང་ལག་པ་འཁྲུད་ཆས་སོགས་རིམས་འགོག་དངོས་རྫས་གྲ་སྒྲིག་བྱ་དགོས། མི་མང་འཛོམས་སར་ཁ་རས་གྱོན་པ་དང་། སློབ་གྲྭས་བདེ་སྲུང་དོ་དམ་བྱ་བ་ནན་པོ་བསྒྲུབ་དགོས།

གསུམ། སློབ་གྲྭར་ཉེན་མེད་ཡོང་བའི་སྐོར། རྩིས་སྤྲོད་དོ་དམ་བྱས་པའི་གྲི་ཆས་དང་ཉེན་ཆེའི་རྩེད་ཆས། མི་གཞན་ལ་གནོད་འཚེ་གཏོང་སྲིད་པའི་སྤྱོད་ཆས་དང་མེ་རྫས་སོགས་སློབ་གྲྭར་ཁྱེར་མི་རུང་། སློབ་གསེང་སྐབས་ལུགས་མཐུན་གྱིས་ངལ་གསོ་བརྒྱག་དགོས་པ་ལས་ཉེན་སྐྱོན་ཆེ་བའི་རྩེད་འཇོ་རིགས་བྱེད་མི་རུང་། སློབ་ཁང་སོགས་སུ་མཁའ་རླུང་ཡངས་པོར་རྒྱུ་རུ་འཇུག་དགོས།

བཞི། བཟའ་བཅའ་ཉེན་མེད་སྐོར། ལག་པ་གཙང་མ་འཁྲུད་པ་དང་ཆུ་མང་ཙམ་བཏུང་བ། སྔོ་ཚལ་དང་ཤིང་ཏོག་མང་ཙམ་ཟ་བ། ཆུ་དང་འཚོ་བཅུད་འདང་བ། ཉིན་རེར་བདེ་ཐང་གི་བཟའ་བཅའ་བཟའ་ཐུབ་པར་ཁག་ཐེག་དང་ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱས་ཤིང་། གཉིད་ཆག་ཏུ་འཇུག་རྒྱུ་མེད།

ལྔ། སློབ་གསེང་བྱེད་སྒོ་ཉེན་མེད་ཡོང་བའི་སྐོར། བྱེད་སྒོ་སྤེལ་སྐབས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་འཕྲད་སྲིད་ལ། ཆུ་བོའི་འབབ་རྒྱུད་སོགས་བདེ་འཇགས་མིན་པའི་སར་ཆུ་རྐྱལ་རྩེད་བྱ་མི་རུང་བ་དང་། གླུ་གར་ཁང་དང་དྲྭ་ཁང་སོགས་མི་སྣ་རྙོག་དྲ་ཆེ་སར་འགྲོ་མི་རུང་།

དྲུག རྒྱུ་ནོར་ཉེན་མེད་སྐོར། འཕྲིན་ཕྲན་དངQQཁྲོད་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པར་མཐོང་ན་དུས་ཐོག་ཏུ་ཉེན་བརྡ་གཏོང་བྱེད་ཁ་པར110བརྒྱག་དགོས། སློབ་གྲྭའི་ནང་དངོས་ཟོག་རྩ་ཆེན་དང་དངུལ་མང་པོ་ཁྱེར་མི་རུང་། རང་ཉིད་ཀྱི་དངོས་ཟོག་ཉར་ཚགས་ཡག་པོ་བྱས་ཏེ་གང་མོས་འཇོག་མི་རུང་། རང་ཉིད་ཀྱི་རྒྱུ་ནོར་ལ་གནོད་འཚེ་ཐེབས་སྐབས་དུས་ཐོག་ཏུ་དགེ་རྒན་དང་ཁྱིམ་བདག་ལ་ཞུས་ནས་ཁྲིམས་འགལ་ཉེས་ཅན་ལ་གོ་སྐབས་སྤྲོད་མི་རུང་།

བདུན། སྡོད་ཁང་གི་ཉེན་མེད་བྱ་སྤྱོད་སྐོར། ཉལ་ཁང་དུ་ཤོག་སྦག་སོགས་འབར་གད་དངོས་རྫས་ཉར་ཚགས་དང་གློག་སྐུད་འབྲེལ་མཐུད་བྱ་མི་རུང་བ་དང་། གློག་ཆས་ལ་ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་ཉལ་ཁང་དོ་དམ་བྱེད་མཁན་ལ་སྙན་སེང་ཞུ་དགོས། ཉལ་ཁང་ནས་ཕྱིར་འབུད་སྐབས་སྒོ་དང་སྒེའུ་ཁུང་། གློག་ཆས་སོགས་ཀྱི་སྒོ་བརྒྱག་དགོས། ཁྱད་པར་དུ་དངོས་ཟོག་རྩ་ཆེན་ཉར་ཚགས་ཡག་པོ་བྱ་དགོས།

  • ལེ་ཚན་སྔོན་མ།:མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་བཞི་དང་དེ་དག་བར་གྱི་འབྲེལ་བ་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།