ཕྱག་ཕྲེང་རྫོང་གིས་གྲོང་ཡུལ་ཁོར་ཡུག་བཅོས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་བྱས།

པད་མ་སངས་རྒྱས་ཀྱིས་བསྒྱུར།        2017-09-05

ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་གིས་མ་བསྐུལ་དང་བླངས་ཀྱིས་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བས་སྤྱི་འདོམས་བྱེད་པ་དང་། གྲོང་ཡུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལོའི་གོ་སྐབས་དང་བསྟུན་ཏེ་ཁྲིམས་དང་འགལ་ནས་འཛུགས་སྐྲུན་གང་མོས་བྱེད་པ་དང་། རླངས་འཁོར་གང་མོས་བཞག་པ། འགྲེམ་བརྡ་གང་མོས་སྦྱར་བ། གད་སྙིགས་གང་མོས་འདོར་བ། འཛུགས་སྐྲུན་གད་སྙིགས་གང་མོས་གཡུག་པ། ཚོང་ཁྲོམ་གང་མོས་གཤོམ་པ། ཕྱུགས་རིགས་གང་མོས་མངག་པ་སོགས་ཀྱི་གནས་ཚུལ་ལ་གཅིག་བསྡུས་དག་བཅོས་བྱས་ནས། དྭངས་གཙང་དང་སྤུས་དག བཀོད་ལེགས་ཀྱི་གྲོང་ཡུལ་ཁོར་ཞིག་བསྐྲུན་པ་དང་། གྲོང་ཡུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་ཡག་པོ་བསྒྲུབས་ནས་ཁོར་ཡུག་ཕྱོགས་བསྡུས་དག་བཅོས་ལས་ཀ་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་བཏང་བ་རེད།  

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རྫོང་དེས་ལས་ཀའི་ལྟ་སྐུལ་བཅོས་སྐྱོང་དང་སྐོར་སྐྱོད་ཞིབ་བཤེར་ཚོ་ཆུང་བཙུགས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་བརྗེ་ལེན་ལྟ་སྐུལ་ཞིབ་བཤེར་གྱི་བྱེད་སྟངས་སྤྱད་ནས། གྲོང་ཡུལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱས་ཚུལ་ལ་གཟའ་འཁོར་རེར་སྐོར་ཞིབ་དང་བརྡ་ཁྱབ་ཐེངས་རེ་བྱ་རྒྱུ་དང་ཟླ་བ་རེར་དཔྱད་བསྡུར་ཐེངས་རེར་བྱས་པ་དང་། ཁོར་ཡུག་ཐད་ཀྱི་ཐེར་འདོན་ཁ་པར5626932ཐོགས་འགག་མེད་པར་བྱས་ཏེ་ལྟ་སྐུལ་གྱི་ཐབས་ལམ་རྒྱ་སྐྱེད་བཏང་བ་རེད། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་རུ་ཆེན་གྱི་དྲིལ་བསྒྲགས་ལྟ་སྐུལ་རླངས་འཁོར་བཏང་ནས་གཟའ་འཁོར་གཅིག་རིང་ལ་ངལ་གསོ་མི་བརྒྱག་པར་ལྟ་སྐུལ་དྲིལ་བསྒྲགས་བྱས་པར་མ་ཟད། མཛེས་སྡུག་གི་ཕྱག་ཕྲེང་ཞེས་པའི་འཕྲིན་ཕྲན་ཚོགས་པའི་ནང་བརྡ་ཁྱབ་བཏང་བ་རེད། གཞན་རྫོང་དེའི་རྫོང་ཨུ་དང་སྲིད་གཞུང་གིས་གྲོང་ཁུལ་དེ་ས་མཚམས་དུམ་བུ23ལ་བགོས་ནས་རྫོང་རིམ་པའི་འགོ་ཁྲིད23གྱིས་ཁག་བགོས་ཏེ་ཁྲོམ་ལམ་གྱི་འགོ་དཔོན་བྱས་པ་དང་། དེ་ནས་སྡེ་ཚན་སོ་སོར་གཞུང་ལམ་དུམ་མཚམས་ལྟར་ཁག་བགོས་ནས་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཁུར་དུ་བཅུག་པ་རེད།། 


  • ལེ་ཚན་སྔོན་མ།:དུང་དཀར་ལུང་པའི་ལྗོངས་ཁུལ་དུ་ཨང་ཀིའི་གློག་བརྙན་ཁང་དང་པོ་བསྐྲུན་ཡོད།
  • ལེ་ཚན་རྗེས་མ།:མུ་མཐུད་ནས་ལས་དོན་སྤེལ་ཤུགས་ཇེ་ཆེར་དང་ལྗོངས་ཁུལ་གསར་སྤེལ་ཇེ་མགྱོགས་སུ་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།