སྟོབས་རྒྱལ་གྱིས་རྒྱལ་ཁབ་རུ་ཁག་ལས་ཨང་དང་པོ་བླངས།

    སེམས་ཀྱི་ཉི་ཟླའི་དྲ་བ།    2020-08-04


སྟོབས་རྒྱལ་གྱིས་རྒྱལ་ཁབ་རུ་ཁག་ལས་ཨང་དང་པོ་བླངས།    སྤྱི་ལོ2020ལོའི་ཟླ7པའི་ཚེས25ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱིས་གཉེར་བའི་དབྱར་དུས་རྣམ་གྲངས་ཀྱི་རྒྱལ་ཁབ་རུ་ཁག་གི་རྨིད་3000གི་ཚོད་ལྟའི་འགྲན་རྩོད་ཆེན་མོ་དེ་པེ་ཅིང་རྒྱལ་ཁབ་ཨོ་ལིམ་ཕིག་ལྟེ་གནས་སུ་མཇུག་བསྒྲིལ་བ་རེད།
སྟོབས་རྒྱལ་གྱིས་རྒྱལ་ཁབ་རུ་ཁག་ལས་ཨང་དང་པོ་བླངས།    ཐེངས་འདིའི་ཚོད་ལྟའི་འགྲན་རྩོད་ཆེན་མོའི་ནང་དུ་ཆེད་ལས་ཚོགས་ཆུང་(མི17)དང་།  ལས་ཞོར་ཚོགས་ཆུང་(མི478)གཉིས་ཡོད་པ་དང་། རང་ལྗོངས་ཀྱི་ཆེད་ལས་ལུས་རྩལ་པ་ཁྱོན་མི་5འགྲན་བསྡུར་ནང་ཞུགས་ཤིང་། སྟོབས་རྒྱལ་གྱིས་སྐར་མ་8དང་སྐར་ཆ་27གྱི་གྲུབ་འབྲས་ཨང་དང་པོ་དང་། མི་འགྱུར་ཉི་མས་སྐར་མ8དང་སྐར་ཆ30ཡི་གྲུབ་འབྲས་ཨང་གསུམ་པ། བསོད་ནམས་ཚེ་རིང་གིས་སྐར་མ8དང་སྐར་ཆ36གི་གྲུབ་འབྲས་ཨང་བཞི་པ། རྟ་མགྲིན་ཚེ་དབང་གིས་སྐར་མ8དང་སྐར་ཆ52ཀྱི་གྲུབ་འབྲས་ཨང་དྲུག་པ་བཅས་བླངས་པ་དང་། ཚེ་རིང་མཚོ་མོ་ཡིས་སྐར་མ9དང་སྐར་ཆ49ཡི་གྲུབ་འབྲས་སྤྱིའི་ཨང་རིམ་ཁྲོད་ཨང་བཅུ་པ་དང་། བུད་མེད་ཚོགས་ཆུང་གི་ཨང་རིམ་ཁྲོད་ཨང་གཉིས་པ་བླངས་པ་རེད།     
སྟོབས་རྒྱལ་གྱིས་རྒྱལ་ཁབ་རུ་ཁག་ལས་ཨང་དང་པོ་བླངས།      ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོད་ལྟའི་འགྲན་རྩོད་ཆེན་མོའི་བྱེད་སྒོའི་འགྲན་ཞུགས་མི་སྣ་རྣམས་ནི་འཇར་པན་ཁྲོག་ཡོར་འཚོག་རྒྱུའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་སྐབས32པའི་རྒྱལ་ཁབ་གཅིག་སྡུད་སྦྱོང་བརྡར་རུ་ཁག་གི་ལུས་རྩལ་པ་ཡིན་པ་དང་། ཁྱོན་མཆོང་རྒྱུག་འཕེན་གསུམ་དང་། རྐང་འཁོར་སོགས་ལུས་རྩལ་རྣམ་གྲངས་ཀྱི་མི600ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། འགྲན་བསྡུར་ལ་ཆེད་དོན་ཚོགས་ཆུང(མཆོང་རྒྱུག་འཕེན་གསུམ་གྱི་རྒྱང་རྒྱུག་འབྲིང་རིང་དང་། མ་ལ་སུང་རྒྱང་རྒྱུག ལྕགས་ལྟ་བུའི་མིའི་རྣམ་གྲངས་གསུམ)དང་ཆེད་དོན་མིན་པའི་ཚོགས་ཆུང་གཉིས་སུ་དབྱེ་ཡོད།
      འགྲན་བསྡུར་མཇུག་བསྒྲིལ་རྗེས་རང་ལྗོངས་ཀྱི་ལུས་རྩལ་པའི་གྲུབ་འབྲས་ལ་སྤྱི་ཁྱབ་ཅུད་ཀྱི་འགོ་ཁྲིད་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་སྟོན་མཛད་སྒོའི་པར་རིས་བདམས་བཀོད།
  • ལེ་ཚན་རྗེས་མ།:སི་ཁྲོན་རོང་བྲག་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་དབུལ་སྐྱོར་ཡག་པོ་བྱས་པ།ཡུལ་མིས་མགྲོན་ཁང་གཉེར་ནས་ཕྱུག་པོའི་ལམ་དུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།