སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ཡིག་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས།

ལས་ཞོར་གསར་འགོད་པ་བསོད་ནམས་དཔའ་མོ།        2017-09-04

     ཉེ་ཆར། སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་རྟོག་ལས་བྱེད་པའི་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་བརྩོན་སེམས་སྐུལ་སློང་བྱས་པ་དང་། བོད་ཀྱི་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་མཐོ་རུ་གཏོང་བ། སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པོ་དང་སློབ་སྦྱོང་གི་སྤྲོ་བ་སློང་བ། ཉེན་རྟོག་ལས་བྱེད་པས་སྔར་ལས་བཟང་ཞིང་མགྱོགས་པའི་སྒོ་ནས་སྦྱང་བྱ་ཁོང་དུ་ཆུད་པའི་ཆེད་དུ། ཆབ་སྲིད་ཁྲུའུ་ཡིས་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་བོད་ཀྱི་སྐད་ཡིག་གསོ་སྦྱོང་འཛིན་གྲྭའི་ནང་དུ་ཚོ་ཆུང་བགོས་ནས་གསལ་བྱེད་བཙལ་བ་ཞེས་པའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།

     ཐོག་མར་བོད་ཡིག་དགེ་རྒན་གྱིས་ནག་པང་ཐོག་གོ་རིམ་གཏོར་ནས་གསལ་བྱེད་རྣམས་བྲིས་རྗེས་གསལ་བྱེད་རེ་རེར་འདོན་ཏེ། མི་གཉིས་རེས་གསལ་བྱེད་བཙལ་བའི་འགྲན་བསྡུར་བྱས། རྗེས་སུ་ལུས་པའི་སློབ་མ་དེས་མུ་མཐུད་དུ་འོག་མ་དེ་དང་འགྲན་བསྡུར་བྱ་དགོས།  དེ་ལྟར་རིགས་འགྲེ་བས་སློབ་མ་ཚོས་ཉིན་དེར་སྦྱོང་བའི་ཤེས་བྱ་ཡོངས་རྫོགས་སེམས་ལ་ངེས་ཐུབ་པ་དང་། བོད་ཀྱི་སྐད་ཡིག་སྦྱོང་བའི་སྤྲོ་སེམས་ཀུན་ནས་འཕེལ་བ་རེད།

     གསལ་བྱེད་བཙལ་བའི་འགྲན་བསྡུར་སྤེལ་བར་བརྒྱུད་ང་ཚོས་སྔར་ལས་ཡག་པའི་སློབ་སྦྱོང་བྱེད་སྟངས་རྙེད་པ་དང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རྨང་གཞི་སྔར་ལས་ཡག་པོ་འདིང་ཐུབ་པར་མ་ཟད་གཞི་རིམ་དུ་ལས་དོན་སྒྲུབ་པའི་གདེང་ཚོད་ཀྱང་ཇེ་ཆེར་ཕྱིན་སོང་ཞེས་ཉེན་རྟོག་ལས་བྱེད་པ་ཚང་མས་མགྲིན་གཅིག་ཏུ་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་གསེར་རྟ་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།