དྭངས་གཙང་གི་ཆུ་བོ་སྲུང་ནས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱངས།

ཀུན་དགས་བསྒྱུར།        2020-07-29

རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་དངོས་བྲིས།

དྭངས་གཙང་གི་ཆུ་བོ་སྲུང་ནས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱངས།

མཛེས་ཤིང་སྡུག་པའི་དཀར་མཛེས་རྫོང་གི་འདམ་རའི་གླིང་ག

སྤྱི་ཟླ7པའི་ཟླ་སྟོད་དུ་དར་མདོ་རྫོང་དཔའ་སྲེག་རོང་ཡུལ་ཤོག་མེ་རི་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞའོ་ཡུན་གྱི་ལོ་ཕྱེད་ཕྱོགས་བསྡོམས་ནང་མེ་རི་གྲོང་སྡེའི་གླིང་ཆུ་འབབ་རྒྱུད་དུམ་བུའི་བཅོས་སྐྱོང་དོ་དམ་སྲུང་སྐྱོང་གི་གནས་ཚུལ་བཀོད་ཡོད་ཅིང་། ཁོའི་ལག་ཁྱེར་ཁ་པར་ནང་དུའང་སྔོན་ཆད་གླིང་ཆུའི་ངོགས་གཉིས་སུ་གད་སྙིགས་ཀྱིས་ཁེངས་པའི་པར་དང་།དེང་སང་བཅོས་སྐྱོང་བྱས་རྗེས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་པར་རིས་སོགས་བཅུག་ཡོད་པ་རེད།

གླིང་ཆུའི་ངོགས་གཉིས་སུ་འགྱུར་ལྡོག་བཏང་བ་ནི་རང་ཁུལ་གྱི་ཆུ་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པའི་དཔེ་མཚོན་རི་མོ་ཞིག་རེད། ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་སྤེལ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་ནུས་པའི་ས་ཁུལ”གྱི་ས་ཁོངས་ངེས་གནས་ལ་གཞི་ཚུགས་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུ་ཡིས་སྤྱི་འདོམས་བྱས་ཏེ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཆུ་དཔོན་དང་མཚེའུ་དཔོན་གྱི་འགན་ནུས་སྒྲུབ་པའི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཇེ་དྲག་ཡོང་བ་བྱས་མཐར། ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ཀྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཁྱོན་ཡོངས་ནས་འདོན་སྤེལ་བྱས་པ་རེད། དེང་སང་། རང་ཁུལ་གྱི་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་དོན་ཁག་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཞི་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་པར་དགེ་མཚན་ལྡན་པའི་ལེགས་སྐྱེལ་ཕུལ་དང་འབུལ་བཞིན་ཡོད་པ་རེད།

དཔུང་སྡེ་འཛུགས་སྐྱོང་བྱས་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་མ་ལག་འཐུས་ཚང་དུ་བཏང་།

ད་སྐབས་ནི་ཆུ་འབྲུབ་པའི་དུས་རིམ་ཡིན་ཞིང་། དཀར་མཛེས་རྫོང་དཀར་རགས་ཡུལ་ཤོག་གི་ཉག་ཆུ་འབབ་རྒྱུད་ཀྱི་ཆུ་དཔོན་ཨོ་རྒྱན་ཚེ་རིང་གིས་ཁོམ་པ་ཅུང་ཡོད་དུས་ཆུ་བོའི་འགྲམ་དུ་སྐོར་སྐྱོད་ཞིབ་བཤེར་བྱས་དུས་ངལ་བ་ཡོད་ཀྱང་སེམས་པ་སྐྱིད་པོ་ཡིན་པ་རེད། ཁོས་ཕ་ཡུལ་གྱི་ཆུ་བོ་དྭངས་གཙང་སྲུང་སྐྱོང་བྱས་པ་ནི་ང་རང་ལ་མཚོན་ན་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན་ལ། རང་ཁུལ་གྱི་རིམ་ཁག་ཆུ་དཔོན་གྱི་ཐུན་མོང་གི་དོན་གཉེར་ཞིག་ཀྱང་རེད་ཅེས་བཤད་པ་རེད།

རང་ཁུལ་ནི་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། །མངའ་ཁོངས་སུ་ཆུ་བོ་དང་མཚེའུ་མང་པོ་ཡོད་ཀྱང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས་ཆུ་བོ་དང་མཚེའུ་སྲུང་སྐྱོང་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ཧ་ཅང་ལྗིད་པོ་ཡིན་པ་རེད། ཁུལ་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་རང་ཁུལ་གྱི་ཆུ་བོ་དང་མཚེའུ་དོ་དམ་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་ན། ངེས་པར་དུ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མིང་ཡོད་དོན་ཡོད་དུ་ཡོང་བར་བྱ་དགོས་ཅེས་བཤད་མྱོང་བ་རེད།

2017ལོའི་སྤྱི་ཟླ3པར།རང་ཁུལ་གྱིས《དཀར་མཛེས་ཁུལ(ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏང་རྒྱུའི་སྐོར་གྱི་བསམ་འཆར)ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ནས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་གྱི་དུང་བརྡ་བཏང་བའི་དུས་མཚུངས། རང་ཁུལ་ལ་གནོན་ཤུགས་སྤྲད་ཡོད། ཞིང་ཆེན་ཡོངས་སུ་ཐོག་མར་ཆུ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་གྲོང་སྡེ་རིམ་པར་སྐྱེད་སྲིང་བྱས་ནས་རིམ་པ་བཞིའི་ཆུ་དཔོན་ཡོངས་སུ་ཁྱབ་པར་བྱས་ཡོད ། དེའི་རྗེས་སུ་ཁུལ་དང་རྫོང(གྲོང་ཁྱེར)རིམ་པ་གཉིས་ཀྱི་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཡི་མིང་ཐོར་ཡོངས་བཤེར་དང་མཐིལ་རྟོགས། བསྐྱར་ཞིབ། ཐོ་འགོད། ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་ལེགས་འགྲུབ་བྱུང་ཡོད། ཆུ་བོ882དང་མཚེའུ144 འདམ་ར་གལ་ཆེན18 ཆུ་མཛོད2 ཆུ་ཡུར5བཅས་ཚང་མ་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བྱེད་ཁོངས་སུ་བཞག་ཡོད་པ་རེད། ཆུ་བོ་གཅིག(མཚེའུ)ཐབས་ཇུས་གཅིག་གི་དོ་དམ་སྲུང་སྐྱོང་ཇུས་གཞི་དང་དཀར་མཛེས་ཁུལ་གྱི་ཆུ་དཔོན་ལམ་ལུགས་ཀྱི་ཆུ་རྒྱུད་དཔེ་རིས་བཟོས་ནས་ཁུལ་ཡོངས་ཀྱིས་ཆུ་དཔོན་དང་མཚེའུ་ལམ་ལུགས་དོན་འཁྱོལ་བྱེད་པར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་པ་རེད།

ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་གང་ལེགས་བྱེད་ཆེད། རང་ཁུལ་གྱིས་སྔོན་རྗེས་སུ《དཀར་མཛེས་ཁུལ་གྱི〈ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར〉ལག་བསྟར་ཇུས་གཞི》དང《མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་རྩ་འཛིན་རང་བཞིན་གྱི་ཡིག་ཆ་བཏོན་ནས་ཁུལ་ཨུའི་ཧྲུའུ་ཅིས་སྤྱི་ཁྱབ་ཆུ་དཔོན་དང་པོ་བྱས་པ་དང་།ཁུལ་དཔོན་གྱིས་ཆུ་བོའི་མགོ་འཛིན་གྱི་འགན་གཅིག་ལྕོགས་སུ་འཁུར་བ། ཚོགས་པ་ཆེན་པོ་བཞིའི་མགོ་ཁྲིད་གཙོ་བོ་དང་ཁྲིམས་འཛིན་ཞིབ་དཔྱོད་ཀྱི་མགོ་འཛིན་གཉིས་ཁག་བགོས་ནས་ཁུལ་གྱིས་དོ་དམ་བྱེད་པའི་ཆུ་བོ་དང་ཆུ་དཔོན32ཀྱི་མགོ་ཁྲིད་མ་ལག་གི་འགན་འཁུར་བ་དང་ཁུལ་དང་རྫོང་། ཡུལ་ཤོག གྲོང་སྡེ་བཅས་རིམ་བཞིའི་ཆུ(མཚེའུ)དཔོན5601བཙུགས་པའི་དུས་མཚུངས་སུ། རང་ཁུལ་གྱིས་སྡེ་ཚན་གཅིག་གིས་ཆུ་བོ་གཅིག་ལ་འབྲེལ་གཏུག་བྱེད་པའི་རྩ་དོན་ལྟར། ཁུལ་རིམ་པའི་ཆུ་དཔོན་འབྲེལ་གཏུག་བྱེད་མཁན་སྡེ་ཚན34ཁ་སྐོང་དང་ལེགས་སྒྲིག་བྱས་ནས་ཆུ་དཔོན་ལ་གཞོགས་འདེགས་བྱེད་པའི་ལས་དོན་སྤེལ་ཡོད་པ་རེད།

རང་ཁུལ་གྱི་ཆུ(མཚེའུ)དཔོན་ལམ་ལུགས་གཞུང་ལས་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཁུལ་དང་རྫོང་། ཡུལ་ཤོག་བཅས་རིམ་གསུམ་ཆུ(མཚེའུ)དཔོན་གྱིས་ཆུ་བོར་སྐོར་བསྐྱོད་ནས་ཞིབ་བཤེར་ཐེངས13923བྱས་པར་གནད་དོན690རྩད་གཅོད་ཐུབ་ཡོད། ཁུལ་ཆུ(མཚེའུ)དཔོན་ལམ་ལུགས་གཞུང་ལས་ཁང་གི་འགན་འཁུར་བས་མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་། རྫོང་དང་གྲོང་ཁྱེར་གྱིས་དམ་འཛིན་བྱེད་པ། ཕྱོགས་མང་མཉམ་འགུལ་བཅས་ཀྱི་ཆུ(མཚེའུ)དཔོན་ལམ་ལུགས་ཀྱི་ལས་ཀའི་རྣམ་པ་རང་ཁུལ་དུ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གཙོ་གནད་དམ་འཛིན་བྱས་ཏེ་ཆུ་དཔོན་གྱིས་འགན་འཁྲི་བསྒྲུབ་པར་གྲུབ་འབྲས་དེ་བས་ཡག་པོ་ཐོབ།

ད་ལོའི་སྤྱི་ཟླ4པར་གསེར་ཐར་རྫོང་ཡུལ་ཤོག་ཆུ་དཔོན་ཞིག་གིས་རྫོང་དེའི་ཆུ་དཔོན་གཞུང་ལས་ཁང་ལ་རྫོང་དེའི་རྣུབ་གཟུར་ཧོར་ཤུལ་བྱེ་རས་གསེར་ཆུ་འགྲམ་དུ་སྒྲིག་ཁྲིམས་དང་འགལ་ནས་བྱེ་མ་སྔོག་འདོན་བྱས་པའི་གནས་ཚུལ་ཐེར་འདོན་བྱས་པ་རེད། རྫོང་དེས་མགྱོགས་མྱུར་དུ་མཉམ་འབྲེལ་ལས་སྒྲུབ་ཚོ་ཆུང་བཙུགས་ཏེ་ཡུལ་དངོས་སུ་ཞིབ་བཤེར་དང་དཔང་རྟགས་འཚོལ་བར་བསྐྱོད་དེ་ལས་སྒྲུབ་སྒྲིག་ཆས་རྩིས་ལེན་དང་བཀག་སྡོམ་བྱས། གསེར་ཐར་རྫོང་རྣུབ་གཟུར་གྲོང་རྡལ་གྱི་མགོ་འཛིན་ཨ་འབྲུག་གིས་སྒྲིག་ཁྲིམས་དང་འགལ་ནས་བྱེ་མ་སྔོག་འདོན་བྱེད་པར་གནོད་འཚེ་ཆེན་པོ་ཡོད། སྔོན་ཆད་འབྲེལ་ཡོད་སྡེ་ཁག་གིས་འདིའི་ཕྱོགས་ཀྱི་ཁྲིམས་བསྟར་མཉམ་ཤུགས་མི་འདང་བ་དང་ཁྲིམས་བསྟར་ཕན་འབྲས་མི་བཟང་བ། ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་པ་ནས་བཟུང་། སྣེ་ཁྲིད་སྟོབས་ཤུགས་ཡོད་པ་དང་། ཁྲིམས་འཛིན་ཕན་འབྲས་ཇེ་བཟང་དུ་སོང་ཡོད་ཅེས་བཤད་པ་རེད།

ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ཐད་རྫོང(གྲོང་ཁྱེར)ཁག་གི་སྲིད་གཞུང་གི2019ལོའི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཀྱི་དཔྱད་ཞིབ་ཇུས་གཞི་པར་འགྲེམས་བྱས་པ་དང་འབྲེལ་དཔྱད་ཞིབ་ནན་པོ་བྱས་ཡོད། ཁུལ་རིམ་པའི་ཆུ་བོ་གཙོ་བོའི་ནུས་པའི་ཁུལ7དབྱེ་འབྱེད་དང་བཙོག་སྡུད་ནུས་པ་ཞིབ་བཤེར་གཏན་འབེབས་བྱས་ཡོད། ཞིང་ཆེན་རིམ་པའི་ཆུའི་ནུས་པའི་ཁུལ20ཡི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལེགས་གྲུབ་བྱུང་བ། ཆུ་ལེན་ལས་གྲྭ(སྒྲིག་བཀོད)ཞིབ་བསྡུར་ཐོ་འགོད་དག་ཐེར་ལས་དོན་སྤེལ་བ།དག་ཐེར་ལེགས་བཅོས1568ནང་བཅུག་པ། ད་སྔར་དག་ཐེར་ལེགས་བཅོས་ཁག1547དང་ཁག2457ལེགས་གྲུབ་བྱུང་ཡོད། དག་ཐེར་བྱས་ཚད་བརྒྱ་ཆ98.66ལེགས་གྲུབ་བྱུང་བ་དང་ད་སྔའི་གོ་རིམ་གྱི་འཕེལ་རིམ་བརྒྱ་ཆ191.05ལེགས་གྲུབ་བྱུང་ཡོད།ལག་ཁྱེར་གསར་པ1413དཔྱད་སྤྲོད་བྱས་པ།《དཀར་མཛེས་ཁུལ་གྱི2019ལོའི་ཆུའི་ཐོན་ཁུངས་ཀྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད།

ཆུའི་འབབ་རྒྱུད་དང་མཚེའུ་རྒྱུད་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ཐད་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1000ཡན་གྱི་ཆུ་བོ48དང་རྒྱུན་གཏན་གྱི་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1ཡན་གྱི་མཚེའུ19ཡི་དབྱེ་འབྱེད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། 《དཀར་མཛེས་ཁུལ་གྱི〈སི་ཁྲོན་ཞིང་ཆེན་གྱི་ཆུ་ལམ་བྱེ་མ་སྔོག་འདོན་དོ་དམ་སྲོལ་ཡིག〉ལག་བསྟར་བྱེད་པའི་ཁ་གསབ་གཏན་འབེབས》ཟིན་བྲིས་བཀོད་ཅིང་། ཉེ་ཆར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ལག་བསྟར་བྱས་པ་དང་། ཆུ་བོ་དང་མཚེའུ་ཡི“གང་བྱུང་བཞི”ཡི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་ཏན་ཏིག་ངང་སྤེལ་ཡོད། ལོ་སྟོད་དུ་གནད་དོན25རྩད་ཆོད་བྱུང་ནས་ཨང་གྲངས21མེད་པ་བཟོས་ཡོད། དེང་སྐབས། རང་ཁུལ་གྱིས་རྫོང(གྲོང་ཁྱེར)18ཀྱིས་ཆུ་ལམ་གྱི་བྱེ་འདོན་འཆར་འགོད་སྒྲིག་བཟོ་དང་ཞིབ་མཆན་ཁྱོན་ཡོངས་ནས་ལེགས་སུ་གྲུབ་པ་དང་རྫོང(གྲོང་ཁྱེར)14ཡིས་ལོ་འཁོར་གྱི་ལག་བསྟར་ཇུས་གཞི་བཟོ་འགོད་དང་ཞིབ་མཆན་འགོད་པའི་ལས་དོན་ལེགས་སུ་གྲུབ་ཡོད་པ་རེད།

ཆུའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་པའི་ཐད། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་བཅད་ངོས་ཀྱི་ཆུ་སྤུས་དང་། ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུ་སྤུས་བཅས་ཚད་གཞི་ལོན་ཚད་བརྒྱ་ཆ100ཟིན་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ་རང་ཁུལ་གྱིས་སེར་ཤུལ་རྫོང་གི་རྨ་ཆུའི་རྒྱུག་ཁུལ(ཁྲ་ཆུས་གཙང་པོའི་དུམ་བུ)གྱི་ཆུའི་སྣོད་བཅུད་སྲུང་སྐྱོང་དང་སྦགས་བཙོག་བཅོས་སྒྲིག་ལས་གྲྭ་སྤེལ་འགོ་ཚུགས་པ་རེད།

ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བའི་ཐད། རང་ཁུལ་གྱིས་གད་སྙིགས་དང་བཙོག་ཆུའི“ལོ་གསུམ་བྱ་སྤྱོད”ལག་བསྟར་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར17.77གཏོང་རྩིས་ཡོད་པ་རེད། གད་སྙིགས་དང་བཙོག་ཆུ་གཙང་བཟོའི་སྒྲིག་བཀོད་ཁག97འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ལས་གཞི49(ཁག32ལེགས་གྲུབ་ཟིན་པ)དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་སྒྲིག་བཀོད་ལས་གཞི48(ཁག40ལེགས་གྲུབ་ཟིན་པ)ཡོད་པ་རེད། ལོ་གསུམ་གྱི་རིང་། རང་ཁུལ་དུ་བཙོག་ཆུ་གཙང་སེལ་བྱེད་ནུས་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི3.32མང་དུ་ཕྱིན་པ་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ནུས་ཉིན་རེར་ཏུན696.95མང་དུ་ཕྱིན་ཡོད། འཚོ་བའི་གད་སྙིགས་བསྡུ་ལེན་དང་བརྒྱུད་འདྲེན་བྱེད་ནུས་ཉིན་རེར་ཏུན426མང་དུ་བཏང་ཡོད།ད་སྔར་ཁུལ་ཡོངས་ཀྱི་བཙོག་ཆུ་གཙང་སེལ་བྱེད་ཚད་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་ཁྲི5.32ལ་ཟིན་པ་དང་ཁུལ་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ནུས་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1532.15ལ་ཟིན་ཡོད། རྫས་འགྱུར་ཐག་གཅོད་བྱེད་ནུས་ཉིན་རེར་ཏུན407ཡིན་པ་དང་འཚོ་བའི་གད་སྙིགས་བསྡུ་ལེན་དང་བརྒྱུད་འདྲེན་བྱེད་ནུས་ཉིན་རེར་ཏུན426གསར་དུ་འཕར་ཡོད། ན་ནིང་། རང་ཁུལ་གྱིས་མངའ་ཁོངས་ནང་གི་སྟོང་ཝ་ཁྲི5མན་གྱི་འཁོར་སྐྱོད་དང་། སྐྲུན་བཞིན་པ། བེད་མེད་དུ་བསྐྱུར་བའི་ཆུ་ཤུགས་གློག་ཁང་ཆུང་གྲས་ལ་གཙང་བཤེར་དང་། ཞིབ་བཤེར། རིགས་དབྱེ། དཔྱད་དཔོག་བཅས་ཀྱི་ལས་དོན་སྤེལ་ཞིང་། ཁུལ་ཡོངས་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་ནང་བཅུག་པའི་སྟོང་ཝ་ཁྲི5མན་གྱི་ཆུ་ཤུགས་གློག་ཁང་ཆུང་གྲས་ཁྱོན350ཡོད་པ་རེད།

ཆུའི་སྐྱེ་ཁམས་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བའི་ཐད། 2019ལོའི་ལོ་མཇུག་བར། རང་ཁུལ་གྱིས་སྣོད་བཅུད་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི6.97ལ་ཟིན་པ་དང་རིམ་རྩིས་བརྒྱབ་ན་འདམ་རའི་སྤྱི་གླིང17བསྐྲུན་ཡོད། འདམ་རའི་རྒྱ་ཁྱོན་མུའུ་ཁྲི172.21ལ་དོ་དམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཁྲོམ་གཟའ་གོང་མ་ནི་རྒྱལ་སྤྱིའི་འདམ་ར་གལ་ཆེན་ཞིག་ཡིན་ཞིང་། ཆུ་ཤུགས་གློག་ཁང་གི་སྐྱེ་ཁམས་རྒྱུག་ཚད་བཅོས་སྒྲིག་གི་ལས་དོན་ལེགས་གྲུབ་བྱུང་བ་རེད། ད་ལོའི་ལོ་སྟོད་དུ་རང་ཁུལ་གྱིས་མ་དངུལ་སྒོར་ཁྲི1880བཏང་ནས་བྱེ་འགྱུར་ས་ཞིང་བཅོས་སྐྱོང་མུའུ་ཁྲི0.3དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཐན་སྐམ་ལུང་གཞུང་ཕྱོགས་བསྡུས་བཅོས་སྐྱོང་མུའུ་ཁྲི0.125མི་བཟོས་ནགས་བཟོ་མུའུ་ཁྲི0.1གཞུང་ལམ་སྔོ་འགྱུར་སྤྱི་ལེ13 སྒོ་ར་མུའུ1570བཅས་བྱས་པ་རེད། མ་དངུལ་སྒོར་ཁྲི3500བཏང་ནས་གསེར་ཐར་རྫོང་དུ་ཁྲོན་ནུབ་མཐོ་སྒང་གི་ཉམས་ཞན་ས་ཁུལ་སྤྱི་ཆིང1500.76ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་རེད།།




  • ལེ་ཚན་སྔོན་མ།:ཁུལ་མི་དམངས་སྲིད་གཞུང་གིས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡི་གེ་བཞག
  • ལེ་ཚན་རྗེས་མ།:སི་ཁྲོན་མའོ་རྫོང་ལ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་བྱུང་།
  • དོ་སྣང་ཆེ་བའི་རྩོམ།