ཁུལ་མི་དམངས་སྲིད་གཞུང་གིས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡི་གེ་བཞག

ལྷ་འཛོམས་ཀྱིས་བསྒྱུར།        2020-07-29

ལིའུ་ཁྲེང་མིང་དང་ཀའོ་ཀྲུང་ཝུའེ། ཞུས་ཞུའེ་མཛད་སྒོའི་ནང་ཞུགས། ཞའོ་ཡིའུ་ཚའེ། ལེའོ་ཁྲང་ཡུང་གིས་ཤིས་ཚིག་ཕུལ།

ཁུལ་མི་དམངས་སྲིད་གཞུང་གིས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡི་གེ་བཞག

      སྤྱི་ཟླ7པའི་ཚེས24ཉིན་ལ་ཁུལ་མི་དམངས་སྲིད་གཞུང་གིས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡེ་གེ་བཞག་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད། ཕྱོགས་གཉིས་ཀས་མི་རིགས་གླུ་གར《དར་མདོའི་མཛའ་གཞས》ཐུན་མོང་དུ་འཛུགས་སྐྱོང་བྱ་རྒྱུ་དང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གིས་ད་དུང་སྒྱུ་རྩལ་ཤེས་ཡོན་ཅན་གསོ་སྐྱོང་དང་སྒྱུ་རྩལ་གསར་རྩོམ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ཐད་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲུང་ཝའེ། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཞུས་ཞུའེ་བཅས་མཛད་སྒོའི་ནང་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་ཡོན་ཀྲང་ལེའོ་ཁྲང་ཡུང་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ་བ་རེད།

ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐལ་བཟང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡན་ལུའེ་དང་། ཧྲང་ཧའེ་ཚགས་པར་ལས་རིགས་ཚོགས་པའི་སྤྱི་ཁྱབ་སྤྱི་གཉེར་པ་གཞོན་པ། ཕེང་ཕེའེ་གསར་འགྱུར་དྲ་བའི་ལས་འཛིན་པ་སོགས་མིང་རྟགས་འགོད་པའི་མཛད་སྒོའི་ནང་ཞུགས་ཡོད་པ་རེད།

     ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་གསུང་སྐབས་གསུངས་དོན། ཁུལ་མི་དམངས་སྲིད་གཞུང་གིས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡི་གེ་བཞག་པ་དེ་ནི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་ལ་བརྟེན་ནས་ཁུལ་སྟོབས་ཆེ་སྐྱོང་བའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་ལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ཡུལ་འཛུགས་སྐྱོང་བྱེད་པའང་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་དཀར་མཛེས་ཁུལ་གྱི་རིག་གནས་ལ་བརྟེན་ནས་རིག་གནས་ཀྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། འཁྲབ་སྟོན་དཔུང་སྡེ་ཚན་པ་གཅིག་འཛུགས་སྐྱོང་བྱ་རྒྱུ་དང་རྐང་འཛིན་ཤེས་ཡོན་མི་སྣ་ཚན་པ་གཅིག་གསོ་སྐྱོང་བྱ་རྒྱུ། བརྩམས་ཆོས་རྩེ་གྲ་ཅན་ཚན་པ་གཅིག་གསར་གཏོད་བྱ་རྒྱུ། དུས་སྟོན་ནང་འགྲན་བསྡུར་ཁག་ཅིག་ཡག་པོ་གཉེར་རྒྱུ་བཅས་ལ་དམིགས་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས་ཡུལ་སྐོར་ཚ་རླབས་ཤིག་འཕྱུར་བ་བྱས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རིག་གནས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་སློབ་གྲྭ་དང་ཁུལ་མཉམ་ལས་གཏིང་ཟབ་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཧྲང་ཧའེ་རོལ་དབྱངས་སློབ་གླིང་ཧུར་ཐག་གིས་ཞུགས་པ་དེ་སྣ་མང་ཕུན་སུམ་ཚོགས་པའི་ཁམས་པའི་རིག་གནས་ལ་དུས་རབས་ཀྱི་འོད་སྟོང་འཕྲོ་ཐུབ་ངེས་ཡིན་པ་དང་མཛེས་སྡུག་རྣམ་པར་བཀྲ་བའི་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ལ་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་འདོན་ཐུབ་ངེས་ཡིན་པ། རིག་གནས་མཉམ་དུ་འཛུགས་སྐྱོང་དང་ཤེས་ཡོན་མི་སྣ་མཉམ་དུ་གསོ་སྐྱོང་། ཐོན་རྫས་མཉམ་དུ་གསར་གཏོད། ཁེ་ཕན་མཉམ་དུ་ལོངས་སྤྱོད་བྱེད་པའི་ལམ་བུའི་ཐོག་མཆོང་སྐྱོད་གསར་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་དགོས།

      ལེའོ་ཁྲང་ཡུང་གིས་ཤིས་ཚིག་ནང་གསུངས་དོན། དཀར་མཛེས་ཁུལ་ནི་ཁམས་པའི་རིག་གནས་ཀྱི་ཆོལ་ཁ་ཡིན་ཞིང་། ལོ་རྒྱུས་ཀྱི་ཕུགས་རིང་ལ་ནང་དོན་ཞིབ་ཆ་ལྡན་ཞིང་ཟབ་པ། མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གིས་དཀར་མཛེས་ཁུལ་དང་མཉམ་ལས་བྱས་པའི་ནང་ཐུན་མོང་དུ་ཕུལ་བྱུང་གི་མི་རིགས་རིག་གནས་འཕེལ་རྒྱས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས“མི་དམངས་རྩ་བ་འཛིན་པའི”རིག་རྩལ་གསར་རྩོམ་སྔོག་འདོན་གཏིང་ཟབ་དང་།གྲངས་ཉུང་མི་རིགས་ས་ཁུལ་གྱི་སྒྱུ་རྩལ་ཤེས་ཡོན་མི་སྣ་གསོ་སྐྱོང་། “གསར་བརྗེའི་རྩ་བ་འཚོལ་ཞིབ་བྱེད་པའི”ལས་གཞི་རབ་དང་རིམ་པ་སྤེལ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱ་རྒྱུ་སོགས་འདུས་ཡོད། དུས་རབས་གསར་པར་ཁ་ཕྱོགས་ཏེ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཕུལ་བྱུང་སློབ་གཉེར་སྲོལ་རྒྱུན་རྒྱུན་འཛིན་དང་རྒྱུན་སྲིང་བྱས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕུལ་བྱུང་མྱུ་གུ་སྔར་བས་སྔོག་འདོན་བྱ་རྒྱུ་དང་མིའི་འཇོན་ནུས་ལ་བསྟུན་ནས་སློབ་ཁྲིད་བྱེད་པ་སྒོ་ནས་ཆེད་ལས་རོལ་དབྱངས་སློབ་གསོ་སྤེལ་བ་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཀར་མཛེས་ཁུལ་གྱི་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ་རྒྱལ་ཁབ་ལ་གྲངས་ཉུང་མི་རིགས་ཀྱི་རོལ་དབྱངས་ཤེས་ཡོན་པ་རབས་གསར་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་ཡིན།།

  • ལེ་ཚན་སྔོན་མ།:རང་ཁུལ་ལ་དཔལ་འབྱོར་ཅུང་འཕར་སྣོན་ཡོང་བའི་རྣམ་པ་མངོན་འགྱུར་བྱུང་།
  • ལེ་ཚན་རྗེས་མ།:དྭངས་གཙང་གི་ཆུ་བོ་སྲུང་ནས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱངས།
  • དོ་སྣང་ཆེ་བའི་རྩོམ།