རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

ཡེ་མགོན་དང་ཡེ་ཤེས།        2020-07-10

རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

ལྷ་ལུང་མཚོའི་གནའ་བོའི་འཁྱགས་ཞུན་འདམ་ར།

   དུས་ཚོད་ཀྱི་གོམ་སྟབས2020ལོར་བསྒྱུར་ནས་སླེབས་པའི་དུས་འདིར་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་གདན་ས་དང་བོད་ལུགས་མགར་གྱི་བཟོ་རྩལ་གྱི་ཆོལ་ཁའི་མཛེས་ཉམས་འདི་ཡུལ་སྐོར་འགྲུལ་པའི་མིག་ལམ་དྲངས་རྒྱུ་ནི།

རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

རི་ལུང་ཐང་གསུམ་གྱི་མཛེས་སྡུག

 མཛེས་ལྗོངས་གཙོ་བོ།

ཚ་ཆེན་སུམ་མདོའི་སྐྱེ་ཁམས་དཔེ་སྟོན་ཁུལ།

   ཚ་ཆེན་སུམ་མདོའི་སྐྱེ་ཁམས་དཔེ་སྟོན་ཁུལ་ནི་དཔལ་ཡུལ་རྫོང་ཤར་ལྷོ་རྒྱུད་ཀྱི་ཤར་ངོས་ཀྱི་འདམ་ཐར་ཡུལ་ཤོག་མངའ་ཁོངས་ཀྱི་དཔལ་ཡུལ་རྫོང་དང་ཉག་རོང་རྫོང་གི་ས་མཚམས་དང་། ནུབ་ངོས་སུ་འབར་ཆུ་འབབ་རྒྱུད་ཀྱི་ནུབ་ངོས་སུ། ལྷོ་རྒྱུད་དུ་དཔལ་ཡུལ་རྫོང་དང་འབའ་ཐང་དང་ལི་ཐང་། དཔལ་ཡུལ་རྫོང་ས་མཚམས། བྱང་ངོས་སུ་འབར་རོང་ཡུལ་ཤོག་གི་ཐུན་མོང་ནགས་ཚལ་དང་རྒྱལ་དབང་ནགས་ཚལ་དབྱེ་མཚམས་སུ་སྦྲེལ་ནས་ཆགས་ཡོད་པ་རེད། ལྷོ་བྱང་བར་གྱི་རིང་ཚད་ཧ་ལམ་སྤྱི་ལེ56.5ཡོད་ཅིང་། ཤར་ནུབ་བར་གྱི་ཞེང་ཚད་ཧ་ལམ་སྤྱི་ལེ50.6ཡོད་པ་འདིའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་གྲུ་བཞི་མ1436.826ཡོད་པ་རེད། དཔེ་སྟོན་ཁུལ་ཚང་མ་རྒྱལ་དབང་ནགས་ཚལ་ཡིན་ཞིང་།ནགས་ཁྲོད་དུ་ཁ་ཤྭ་དང་གསའ། བྱ་དཀར། སྤྲེའུ་ལ་སོགས་པའི་རྩ་ཆེ་ལ་དཀོན་པའི་རི་སྐྱེ་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་ཡིས་གཙོ་བོ་བྱས་པའི་ནགས་ཚལ་དང་རི་སྐྱེ་སྲོག་ཆགས་རིགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཁུལ་ཡིན་པ་རེད། མཚོ་བོད་མཐོ་སྒང་དུ་མ་གཏོགས་མེད་པའི་ཁ་ཤྭ་གཅིག་བསྡུ་ཁྱབ་ཁུལ་ཡིན་པར་བརྟེན། གྲངས་ཀ་དེས་འཛམ་གླིང་གི་ཁ་ཤྭ་བསྡོམས་འབོར་ལས་གསུམ་ཆ་གཅིག་བཟུང་ཡོད་ལ། རང་བྱུང་སྐྱེ་ཁམས་ཀྱི་ཐོན་ཁུངས་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་ཆོག་པའི་དཔེ་སྟོན་ཁུལ་ཡིན་པས་སྐྱེ་དངོས་སྣ་མང་རང་བཞིན་སོར་གནས་བྱས་མཐར། འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པོ་ཡོད་སའི་ས་ཁུལ་གྱི་རི་རྒྱུད25ཡི་གྲས་སུ་ཚུད་པ་རེད།

རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

ཚ་ཆེན་སུམ་མདོའི་སྐྱེ་ཁམས་དཔེ་སྟོན་ཁུལ།

    ལྷ་ལུང་མཚོའི་གནའ་བོའི་འཁྱགས་ཞུན་ས་གཤིས་ཀྱི་འདམ་ར།

    དཀར་མཛེས་གེ་སར་གནམ་གྲུ་ཐང་དང་སྤྱི་ལེ120ཡས་མས་རྒྱང་བའི་སར་དུས་རབས་བཞི་པའི་ནང་འཁྱག་ཀླུང་གིས་ཤུགས་རྐྱེན་ཐེབས་པའི་གནའ་བོའི་འཁྱགས་ཞུན་ས་གཤིས་རྗེས་ཤུལ་གྱི་མཛེས་ལྗོངས་འདི་ཡོད་པ་རེད། མངའ་ཁོངས་ནང་རི་བོ་དང་རྩྭ་ཐང་། མཚེའུ།ཆུ་ཚད། དེ་བཞིན་དུ་ཁ་ཤྭ་དང་གསའ་ལ་སོགས་པའི་རི་སྐྱེ་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཡོད་ཅིང་། གནའ་བོའི་འཁྱགས་ཞུན་ས་གཤིས་རྗེས་ཤུལ་དང་སྐྱེ་ཁམས་འདམ་ར་ཡིས་གཙོ་བོ་ཡིན་པའི་མཐོ་སྒང་གི་སྐྱེ་ཁམས་མཛེས་ལྗོངས་ལ་ལྟ་ས་དང་ས་གཤིས་ཀྱི་ཚན་རིག་རྟོག་ཞིབ་བྱེད་ས། ཕྱུགས་འཚོའི་གོམས་འདྲིས་ཉམས་སུ་མྱོང་སའི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན་པ་རེད།

རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

རི་སྐྱེས་སྲོག་ཆགས་བག་ཕེབས་ངང་འཚོ་གནས་བྱེད།

     རི་ལུང་ཐང་གསུམ་གྱི་རྩྭ་ཐང་ཆེན་པོ།

     མུ་མཐའ་མེད་པའི་རི་ཐང་ལུང་གི་རྩྭ་ཐང་ཆེན་པོ་ལ་ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་དང་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་མཐོ་གྲང་རྩྭ་ཐང་ཞེས་མཚན་སྙན་ཡོད་ཅིང་།དཔལ་ཡུལ་རྫོང་གི་མངའ་ཁོངས་སུ་ཆེས་ཆེ་བའི་རི་ཐོག་འབྲོག་ར་ཡིན་པ་རེད། དུས་ཚིགས་བརྗེ་བའི་གོམ་འགྲོས་དང་བསྟུན་ནས་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་ཀྱང་མཛེས་པའི་མཆོར་ཉམས་སྣ་ཚོགས་བསྟན་ངེས་རེད། ཡུལ་གྲུའི་ནང་མི་སེམས་འགུག་པའི་རྩྭ་ཐང་གི་མཛེས་ལྗོངས་ཡོད་པར་མ་ཟད། ཡ་མཚན་བའི་ཆོས་ལུགས་རིག་གནས་དང་བོད་སྡེའི་ཡུལ་སྲོལ་རིག་གནས་སོགས་རང་གི་མིག་ལམ་དུ་དྲངས་ཆོག་ཆོག་ཡིན་པ་རེད།

རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

ཧོར་ལུང་ཁོག་གི་མི་ཆོས་རིག་གནས་སྐྱེ་ཁམས་ཀྱི་མཛེས་ལྗོངས།

     ཧོར་པོ་ཕུག་མའི་བོད་རིགས་དམངས་སྲོལ་གོམས་འདྲིས་གྲོང་སྡེ།

     ཧོར་པོ་ཕུག་མ་བོད་རིགས་དམངས་སྲོལ་གོམས་འདྲིས་གྲོང་སྡེ་ནི་མཚོ་བོད་མཐོ་སྒང་དེ་ཡུན་ཀུའེ་མཐོ་སྒང་དུ་བསྲིངས་པའི་ས་རྒྱུད་དུ་གནས་ཤིང་། ཧོར་པོ་ཡུལ་ཤོག་གི་མངའ་ཁོངས་སུ་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་གཞི7ཡོད་པ་རེད། བོད་སྤོ་བཟོ་རྩལ་དང་སྨན་གསར་ཐང་ག པར་རྐོ་ལག་རྩལ། ཟུར་ལུགས་བོད་ཀྱི་གསོ་རིག དམངས་ཁྲོད་ཆང་སྙོལ་བཟོ་རྩལ། དཔལ་ཡུལ་མཛུབ་གར། ཧོར་པོ་དམངས་ཁྲོད་ལག་ཤེས་བཟོ་རྩལ་བཅས་ཀྱི་རྟེན་གཞི300ལྷག་ཙམ་ཡོད་པ་རེད།

རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།

གངས་ཁྲོད་མཚེའུ།

  ཧོར་ལུང་ཁོག་གི་མི་ཆོས་རིག་གནས་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཁུལ།

  དཔལ་ཡུལ་རྫོང་ཁུལ་དང་སྤྱི་ལེ70ཙམ་རྒྱང་བའི་ཧོར་ལུང་ཁོག་གི་མི་ཆོས་རིག་གནས་སྐྱེ་ཁམས་ཀྱི་མཛེས་ལྗོངས་ནི་འབྲི་ཆུ་སྟོད་རྒྱུད་ཀྱི་གདོད་མའི་སྐྱེ་ཁམས་སྲུང་སྐྱོང་ཅུང་ཡག་པོ་བྱས་པའི་ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་ཞིག་ཡིན་པ་རེད། འདིར་ཤིང་ནགས་སྟུག་པོས་ཁེབས་པའི་བརྗིད་དུ་ཆགས་པའི་རི་ཀླུང་གི་ཁྲོད་དུ་གཙང་ཆུ་འབབ་པའི་ལྷུང་སྒྲ་སྙན་ལ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་འབེལ་པོ་ཡིན་པས་མ་ཚད། ད་དུང་ཆུ་ཚད་དང་རྦབ་ཆུ། ས་མཐོའི་མཚེའུ། ཆུ་དྲུས་བྲག་ཁུང་ལ་སོགས་པའི་རང་བྱུང་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། མཛེས་ལྗོངས་ནང་ཁུལ་དུ་གེ་སར་རིག་གནས་ཀྱི་རྗེས་ཤུལ་ཆེས་འབེལ་པོ་ཡོད་ལ། དེང་སང་བར་ཀྲུང་གོའི་ཉར་ཚགས་ཆེས་ཆ་ཚང་བའི་གདོད་མའི་ཚོགས་པ། དཔེ་ན་ས་ངན་འགོ་པའི་རིག་གནས་སོགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:གློག་གིས་དཀར་མཛེས་བོད་ཁུལ་གྱི་འབྱོར་འབྲིང་ལམ་བུ་གསལ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།