རང་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལེགས་སུ་ཕྱིན།

        2017-08-10

ཟླ་བ8པའི་ཚེས3ཉིན།  གསར་འགོད་པས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་ཁུལ་གྱི་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི577.89ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར56.64ཡོད་པས།  ན་ནིང་གི་དུས་མཉམ་ལས་བརྒྱ་ཆ30.14དང30.17འཕར་བ་དང་ཁག་དབྱེ་ནས་དམིགས་འབེན་ལས་འགན་གྱི་བརྒྱ་ཆ37.04དང36.30གྲུབ་པ་རེད།  དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི572.85ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར56.14ཡོད་པས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆ29.96དང29.95འཕར་བ་རེད།  རྒྱལ་ཕྱིའི་ཡུལ་སྐོར་བ་ཁྲི5.04ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་ཨ་སྒོར་ཁྲི756.96རག་པས།  ན་ནིང་གི་དུས་མཉམ་ལས་བརྒྱ་ཆ53.19དང53.16འཕར་བ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་ལ་ཉེ།
  • དོ་སྣང་ཆེ་བའི་རྩོམ།