དབྱང་དབུགས་མི་འདང་ནའང་དབུལ་ཐར་གྱི་སྙིང་སྟོབས་ཇེ་ཆེར་ཕྱིན།། མཚོ་འཕགས་མཐོ་ནའང་དབུལ་ཐར་གྱི་ཆོད་སེམས་དེ་བས་བརྟན།།

ལྷ་འཛོམས་ཀྱིས་བསྒྱུར།        2020-06-03

  “ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད། ལག་རྩལ་འཇོན་ནུས་གསོ་སྦྱོང་བྱས་ནས་ངས་འཚེམ་བཟོའི་ལག་རྩལ་ཤེས་ཟིན། ང་ཚོའི་ཁྱིམ་མི་ཚང་མ་དབུལ་ཐར་ཐུབ་པ་བྱུང་ཡོད་ལ། ཡོང་འབབ་ཀྱང་བརྟན་པོ་ཡོད་པར་བརྟེན། ད་ང་ཚོའི་འཚོ་བ་ཇེ་ལེགས་སུ་སོང་བ་རེད། ཉེ་ཆར། གསེར་ཐར་རྫོང་སྟག་རྩེ་ཡུལ་ཤོག་གི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་པོ་ལྷ་རིག་གིས་ཉེ་བའི་ལོ་འདི་འགའི་ནང་ས་གནས་དེ་གར་བྱུང་བའི་འགྱུར་ལྡོག་སྐོར་གླེང་བའི་ཚེ་དགའ་ཚོར་རབ་ཏུ་འཕེལ་བ་རེད།

    རི་ཁུག་ནས་གནས་སྤོས་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ། གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག གསེར་ཐར་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་མང་ཚོགས་དབུལ་ཐར་ཐུབ་ནས་འབྲོག་པའི་གཞིས་ཆགས་བྱ་ཡུལ་དུ་གཅིག་བསྡུད་དང་། ཡུལ་གྲོང་གི་མཐའ་སྐོར་དུ་གཅིག་བསྡུད། གྲོང་མཁར་གྱི་མཐའ་སྐོར་དུ་གཅིག་བསྡུད་བྱ་རྒྱུ་བཅས་ཀྱི་རྩ་དོན་ལྟར། མང་ཚོགས་དབུལ་ཕོངས་ཀྱི་སྨན་བསྟེན་རྒྱུ་དང་སློབ་གྲྭར་ཞུགས་རྒྱུ། ལས་ཞུགས་བྱ་རྒྱུ། ཕྱིར་འགྲོ་འོང་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ཏེ། གསེར་ཁོག་གྲོང་རྡལ་དང་སྟག་རྩེ་ཡུལ་ཤོག ཉི་མདོ་གྲོང་རྡལ། གཉན་ལུང་ཡུལ་ཤོག་བཅས་སུ་གཅིག་བསྡུད་ཀྱིས་ཡུལ་གཞན་དུ་གནས་སྤོའི་ཡུལ་མི་བཀོད་སྒྲིག་བྱ་ཡུལ་བསྐྲུན་ནས་དབུལ་ཐར་ཕྱུག་འགྱུར་གྱི་འཚོ་བ་གསར་པ་རོལ་མགོ་ཚུགས་པ་རེད། གསེར་ཐར་རྫོང་གིས་མང་ཚོགས་དབུལ་པོའི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་བྱེད་ཐབས་ཨང་དང་པོར་བརྩིས་ནས་གཞན་ཡུལ་དུ་གནས་སྤོས་དབུལ་སྐྱོར་དང་ས་གཤིས་གནོད་འཚེ་ལས་གཡོལ་ཟུར་གནས་སྤོ་དང་། བོད་ཁུལ་གྱི་ཁྱིམ་གཞིས་གསར་པ་སོགས་ཀྱི་སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར4.04སྡེབ་སྒྲིག་བྱས་ནས་ཉི་སྟོད་དང་བརྡར་ཚང་། སྟག་རྩེ། གཉན་ལུང་། གསེར་ཁོག་སོགས་ཡུལ་ཤོག་ལ་ཡུལ་གཞན་དུ་གནས་སྤོས་ཡུལ་མི་གཅིག་བསྡུད་བཀོད་སྒྲིག་བྱ་ཡུལ6བསྐྲུན་ཅིང་། སྡོད་ཁང6387གསར་སྐྲུན་དང་བསྒྱུར་བཀོད་བྱས་པའི་ནང་དུད་ཚང556གཅིག་བསྡུད་བཀོད་སྒྲིག་བྱས་པ་དང་དུད་ཚང5831ཐ་ཁ་ཐོར་བཀོད་སྒྲིག་བྱས་པ་རེད།

     ལག་རྩལ་སྣ་རེ་ཤེས་ན་ཡོང་འབབ་ཅིག་མང་དུ་གཏོང་ཐུབ། གསེར་ཐར་རྫོང་གིས་སློབ་གྲྭ་དང་ས་གནས་བར་མཉམ་ལས་དང་སློབ་གྲྭ་དང་སློབ་གྲྭའི་བར་མཉམ་ལས་བྱས་པའི་ལས་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཞིང་འབྲོག་པ123ཁྲེང་ཏུའུ་རུ་འཁེལ་འཐག་ཆེད་ལས་ཀྱི་ལག་རྩལ་དུས་ཐུང་གསོ་སྦྱོང་བྱས་པ་རེད། སྤྱི་ཕན་རང་བཞིན་གྱི་ལས་གནས་ཡོང་འབབ་དམའ་བའི་ངལ་རྩོལ་མི་ལག་ལས་ཞུགས་བཀོད་སྒྲིག་བྱེད་པར་སྐུལ་མ་བཏང་ནས་སྤྱི་ཕན་རང་བཞིན(རིགས)ཀྱི་ལས་གནས་རིམ་རྩིས་བྱས་ན4207གསར་སྤེལ་བྱས་པ་དང་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི6030སྤྲད་པ་རེད། 2016ལོ་ནས་བཟུང་སྐྱེ་ཁམས་ནགས་སྲུང་པ་མིའི་ཐེངས་གྲངས892བདམས་ནས་གླ་ཕོགས་་སྒོར་ཁྲི524སྤྲད་པ་ཡོད་པ་རེད། སྐྱེ་ཁམས་རྩྭ་སྲུང་པ་མིའི་ཐེངས་གྲངས1698བདམས་ནས་གླ་ཕོགས་སྒོར་ཁྲི933སྤྲད་པ། ས་གཤིས་གནོད་འཚེའི་སྐོར་ཞིབ་པ443བདམས་ནས་གླ་ཕོགས་སྒོར་ཁྲི153སྤྲད་པ་རེད། རྫོང་རིམ་པའི་ལས་ཞུགས་དབུལ་སྐྱོར་རྟེན་གཞི2དང་དབུལ་སྐྱོར་འཁོར་ཁང1 ཁུལ་རིམ་པའི་ལས་གཏོད་སྐྱོང་གསོའི་རྟེན་གཞི1བཅས་བཙུགས་ཡོད་པ་རེད། 2016ལོ་ནས་བཟུང་མང་ཚོགས4381སྒྲིག་འཛུགས་བྱས་ནས་ཐག་ཉེ་སར་གླ་པ་རྒྱག་ཏུ་བཅུག་ནས་གླ་ཕོགས་ཡོང་འབབ་སྒོར་ཁྲི1574རག་ཡོད། དེའི་ནང་མང་ཚོགས་དབུལ་པོ2977ཡོད་པ་རེད།

    འགྲིམ་འགྲུལ་འགག་མདོ་གཏོར་ཞིང་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་བཏང་། གསེར་ཐར་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་ལ་གླིང་གེ་སར་གྱི་བོད་སྡེ་དང་གསེར་ཐར་རྩྭ་ཐང་། དུང་དཀར་དགོན་པའི་གསར་བརྗེ་གནས་གཞི་རྙིང་པའི་དགོན་སྡེ། གླིང་གེ་སར་གྱི་རྟེན་རྫས་བཤམས་མཛོད་ཁང་སོགས་ཡོད་མོད། འོན་ཀྱང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་སོགས་ཀྱི་གནད་དོན་ཡོད་པར་བརྟེན། ཡུལ་སྐོར་ལས་རིགས་འཕེལ་མེད་སོར་གནས་ཀྱི་གནས་ཚུལ་བ་རེད། ཉེ་བའི་ལོ་ཤས་རིང་གསེར་ཐར་རྫོང་གིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར53.66བཏང་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེན་པོ་དང་ཁྱབ་ཁྱོན་ཆེན་པོ། མཐོར་འདེགས་ཆེན་པོ་བཅས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འགྲིམ་འགྲུལ་གྱིས་གཙོ་གནད་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཤིང་། མ་དངུལ་སྒོར་བསྡོམས་འབོར་དུང་ཕྱུར40.18བཏང་ནས་རྒྱལ་སྲུང་དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ441.9བསྐྲུན་པ་དང་། ཡུལ་བགྲོད་འགྱིག་སྣུམ་གཞུང་ལམ་སྤྱི་ལེ128.9། སྡེ་བགྲོད་ཨར་འདམ་གཞུང་ལམ་སྤྱི་ལེ1761.8བཅས་བསྐྲུན་ཡོད། གྲོང་བགྲོད་གཞུང་ལམ་དང་ཡུལ་བགྲོད་གཞུང་ལམ། སྡེ་བགྲོད་གཞུང་ལམ་བཅས་ཤར་གཏོང་ཐུབ་ཚད་དང་དོ་དམ་ལམ་གསོ་བྱེད་ཚད་བཅས་བརྒྱ་ཆ100གསུམ་གྲུབ་པ་དང་། སྲིད་འཛིན་གྲོང་སྡེ102ལ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཤར་གཏོང་ཐུབ་པ་རེད། དེའི་ནང་སྲིད་འཛིན་གྲོང་སྡེ32དེ་སྔོན་བཀོད་ཆིངས་ཡིག་གི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱས་པས་མང་ཚོགས་འགྲོ་འོང་བྱེད་ས་མགྱོགས་ཤིང་སྟབས་བདེ་རུ་གྱུར་ཡོད་པ་རེད། 2019ལོའི་རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་གྱི་སྐབས་སུ་གསེར་ཐར་རྫོང་གིས་ཡུལ་སྐོར་བ་ཁྲི21.2959ལ་སྣེ་ལེན་བྱས་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ13འཕར་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.34གྲུབ་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ23.6འཕར་ཡོད་པ་རེད།

     བདེ་ཐང་སློབ་གསོའི་དབུལ་སྐྱོར་གཙོ་བོར་འཛིན་ཞིང་དམངས་ཕན་སྲིད་ཇུས་ཀྱིས་མི་སེམས་ལ་བདེ་དྲོད་སྟེར། དབུལ་ཐར་འགག་སྒྲོལ་བྱེད་མགོ་ཚུགས་ཚུན། གསེར་ཐར་རྫོང་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུའི་འཇོན་ནུས་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར1.38བཏང་ནས་རྫོང་དང་ཡུལ་ཤོག གྲོང་སྡེ་བཅས་རིམ་པ་གསུམ་ལ་སྨན་བཅོས་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་རེད། རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་ཚད་གཞིར་ལོན་པ་དང་། ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཡོད། སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་སྟེ། རྫོང་ཡོངས་ཀྱི་མང་ཚོགས་ལ་རིམ་རྩིས་བྱས་ན་མི52922ལ་ཕན་པ་ཐོབ་ནས་སྒོར་ཁྲི6545རྩིས་ཞུ་བྱས་པ་རེད། མ་དངུལ་སྒོར་ཁྲི3020བཏང་ནས་ཐུམ་འབུའི་ནད་དང་འདུས་འདྲིལ་གཅོང་ནད། གྲུམ་བུའི་ཚིགས་ཆེན་ནད་སོགས་ཚབས་ཆེའི་འགོས་ནད་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་བྱས་ནས་མང་ཚོགས་ཁྲི16.7ལ་ཕན་པ་ཐོབ་ཡོད། གསེར་ཐར་རྫོང་གིས་སློབ་གསོའི་དབུལ་སྐྱོར་དེ་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བར་བཀག་འགོག་དང་རྩ་བཅོས་བྱེད་ཐབས་སུ་བརྩིས་ནས་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་ལ་ཉེ་བའི་གསེར་ཐར་དང་ཀོང་ཀྲོའུ་མཉམ་ལས་བྱས་པའི་རེ་བཅོལ་སློབ་གྲྭ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར3.5བཏང་ནས་སློབ་གྲྭ20ཡི་ཞན་ཆ་གསབ་པ་དང་བུ་བཅོལ་ཁང32བསྐྲུན་ཡོད། སློབ་སྔོན་ནས་སློབ་ཆེན་བར་གྱི་སློབ་མ་དབུལ་པོར་ཁག་བགོས་ནས་སྒོར500ནས5000བར་གྱི་རོགས་དངུལ་སྤྲད་ཡོད། རིམ་རྩིས་བྱས་ན་ཁྱིམ་ཚང་དབུལ་པོའི་སློབ་མ10920ལ་རོགས་དངུལ་སྤྲད་པ་དང་སློབ་མ་དབུལ་པོ691ལ་སློབ་སྐྱོར་དངུལ་བུན་སྒོར་ཁྲི539.1སྤྲད་པ་རེད།། 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དར་མདོའི་མི་ཉག་ལྟག་སྒོའི་སློབ་ཆུང་དུ་བྱིས་པ་ཚོ་དང་མཉམ་དུ“དྲུག་གཅིག”དུས་ཆེན་ལ་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:བདེ་སྐྱིད་ཀྱི་འཚོ་བ་ནི་དཀའ་སྤྱད་འབད་འཐབ་བྱས་ནས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།