སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་གནས་སྐབས་མི་ཤི་རྨས་བྱུང་མེད།

དབྱངས་ཅན་གྱིས་བསྒྱུར།        2017-07-06

   སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་གནས་སྐབས་མི་ཤི་རྨས་བྱུང་མེད།

  ཟླ་བ7པའི་ཚེས4ཉིན་གྱི་དགོང་མོའི་ཆུ་ཚོད9པ་ནས་བཟུང་སྡེ་དགེ་རྫོང་གྲོང་དུ་དྲག་ཆར་བབས་པ་རེད། ཚེས5ཉིན་གྱི་ནམ་ལངས་ཁའི་ཆུ་ཚོད3པར་སྡེ་དགེ་རྫོང་གི་ཟིལ་ཆུ་འབྲུབས་ནས་རྫོང་གྲོང་གི་ཕྱོགས་མང་པོར་ཉེན་ཁ་ཆེ་བའི་གནས་ཚུལ་བྱུང་ཞིང་། རྒྱལ་སྲུང་གཞུང་ལམ317པའི་ལམ་ངོས་ཆད་ནས་རྫོང་གྲོང་གི་ཆ་ཚང་སློབ་ཆུང་གཉིས་པ་དང་། སྔོ་ཚལ་ཚོང་ར། གཞུང་ལམ་ཅུས། 806རླུང་འཕྲིན་ཁང་། གནམ་གཤིས་ཅུས་བཅས་ཀྱི་ཕྱོགས་སུ་ཡོད་པའི་ཡུལ་མིའི་སྡོད་ཁང་མང་པོར་ཆུས་བསྣུབས་པ་དང་། དེའི་ནང་ཡུལ་མིའི་སྡོད་ཁང་གཅིག་ཉིལ་ཟིན་པ་རེད།

སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་གནས་སྐབས་མི་ཤི་རྨས་བྱུང་མེད།

     གནོད་སྐྱོན་གྱི་གནས་ཚུལ་བྱུང་རྗེས་སྡེ་དགེ་རྫོང་གིས་དེ་མ་ཐག་ཏུ་བབ་བསྟུན་གྲབས་གཤོམ་ཇུས་གཞིའི་ལས་ཀ་སྤེལ་འགོ་བཙུགས་ནས། ནམ་ལངས་ཁའི་ཆུ་ཚོད3པ་ནས་བཟུང་ཉེན་ཁ་མྱུར་སེར་གྱི་ལས་ཀ་བྲེལ་ཚབ་ངང་སྤེལ་བ་རེད། ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་ཡིས་གྲུབ་མིའི་སྡེ་ཚན་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས500ལྷག་གི་འབད་བརྩོན་འོག་མང་ཚོགས200ལྷག་ཉེན་མེད་སར་སྤོས་ཤིང་མིག་སྔར་མི་གཅིག་ཀྱང་ཤི་རྨས་བྱུང་མེད་པ་རེད།  ད་ལྟར་ཉེན་འགོག་གནོད་སེལ་གྱི་ལས་ཀ་མུ་མཐུད་ནས་བྲེལ་མྱུར་ངང་སྤེལ་བཞིན་པའི་སྒང་ཡིན། 

སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་གནས་སྐབས་མི་ཤི་རྨས་བྱུང་མེད།

  ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཆུ་ལོག་གི་ཁྲོད་དུ་རྫོང་དེའི་འཁོར་ལོ་མདོ་ཤང་རོང་ཁ་གྲོང་སྡེ་དང་། རྡོ་རྩེ་མདའ་ཡི་ཞིང་དུད་འགའ་ལ་གནོད་སྐྱོན་ཐེབས་ཡོད། རྒྱལ་སྲུང་གཞུང་ལམ317པའི་ཁྲོ་རོང་འགག་ལམ་རྒྱུད་ཆད་པས་མིག་སྔར་གཞུང་ལམ་དེར་འགྲིམ་འགྲུལ་བཀག་རྒྱ་བྱས་ནས། ཤང་དང་གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ་ཉེན་ཁ་མྱུར་སེལ་གྱི་ལས་ཀ་སྤེལ་བཞིན་ཡོད། དཔེ་ཡག་ཤང་གི་རྫོང་རིམ་པའི་འབྲེལ་གཏུག་པ་དང་དཔེ་ཡག་ཤང་གི་ལས་བྱེད་པས་གཙང་བཤེར་ལས་ཀ་སྒྲུབ་བཞིན་པར་མ་ཟད། མི་སྣ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ས་ཁུལ་དུ་སྐོར་ཞིབ་བྱས་ནས་འགྲོ་འོང་བྱེད་པའི་རླངས་འཁོར་དང་མི་རྣམས་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་གང་ཐུབ་བྱས་པ་རེད།།  

སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་གནས་སྐབས་མི་ཤི་རྨས་བྱུང་མེད།

  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ༩༦འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་ཚོAབཞི་རིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་པའི་འགོ་ཚུགས་མཛད་སྒོ།
  • དོ་སྣང་ཆེ་བའི་རྩོམ།