དམངས་ཆེན་འཐུས་མི་ཞིག་གིས་སྐད་ཡིག་སྲུང་སྐྱོང་གི་གྲོས་གཞི་བཏོན།

        2020-05-28

     ཀྲོང་ཡིག་ནི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་རེད། ཟ་མ་ཟ་བ་གཅིག་པུ་ལའང་བཤད་ཚུལ་སྣ་ཚོགས་ཤིག་ཡོད། དཔེར་ནqiangདངgenགཉིས་ཀས་ཟ་མ་ཟ་བའི་དོན་སྟོན་པ་དང་། སྔོན་མའི་སྐད་ཆ་བཤད་ཡུལ་ནི་སྙིང་ཉེ་བའི་གྲོགས་པོ་ཡིན་ལ། ཕ་རོལ་བོ་གདན་འདྲེན་ཞུས་ནས་མཉམ་དུ་ཟ་འཐུང་བྱེད་པ་ལའང་གོ། ཕྱི་མས་དེ་ལ་མགྲོན་པོའི་ལྟ་སྟངས་བཟུང་ཆོག་ལ་མ་བཟུང་ན་ཡང་ཆོག་པའི་བསམ་ཚུལ་ཞིག་མངོན་ཐུབ། འོན་ཀྱང་བརྩེ་དུང་ཕུན་སུམ་ཚོགས་པའི་ཚིག་དོན་འདི་དག་རྒྱ་ཡིག་ཏུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་ཟོར་ཡང་དུ་བཏང་བས་བྲོ་བ་ཡལ་འདུག་ཅེས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་ཀོང་ཞིས་མི་རིགས་སློབ་ཆེན་རྩོམ་རིག་གློག་བརྙན་འཕྲིན་གསར་རྩོམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྥན་དབྱི་ཕིང་གིས་བཤད།

རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། སྣ་མང་རིག་གནས་མཉམ་འཚོ་དང་སྐད་བརྡའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཀོང་ཞི་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཆེས་མང་བའི་ཞིང་ཆེན་ཞིག་ཡིན་ལ། རྒྱ་རིགས་དང་ཀྲོང་རིགས། ཡའོ་རིགས། མའོ་རིགས། ཐུང་རིགས། མུའུ་ལའོ་རིགས། མའོ་ནན་སོགས་གཏན་སྡོད་མི་རིགས12ལྷག་ཡོད། ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་འཐུས་མི་ཧྥན་དབྱི་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དོ་ཁུར་བྱེད་པའི་གྲོས་གཞི་བཏོན།
     མི་རིགས་ཤིག་ཁས་ལེན་པར་དེའི་སྐད་ཡིག་ནི་ཆེས་གཙོ་བོ་ཡིན། འོན་ཀྱང་ད་ལྟ་ཀོང་ཞི་ཅིག་ཁྲུན་གྱི་གྲོང་ཁྱེར་ནས་སྐྱེས་པའི་ཀྲོང་རིགས་ཚང་མས་ཀྲོང་སྐད་བཤད་མི་ཤེས་ལ་གོ་ཐུབ་པ་ཙམ་རེད། ངེད་ཚང་ནི་ཀྲོང་རིགས་ཡིན་ལ། ངའི་བུ་མོ་ལོ30ཡིན། ཕལ་ཆེར་ལོ་ཚོད་འདིས་ཀྲོང་སྐད་བཤད་མི་ཤེས། ཐ་ན་ཀྲོང་རིགས་མང་བོ་འདུས་པའི་གྲོང་གསེབ་ས་ཁུལ་དུ་ཡང་ལོ་ཆུང་བྱིས་པ་མང་ཆེ་བས་ཀྲོང་སྐད་བཤད་ཤེས་ཀྱི་མེད། མིག་སྔའི་གནས་བབ་འདིས་ཧྥན་དབྱི་ཕིང་ལ་སེམས་ཁྲལ་ཆེན་པོ་བཟོས།

     ཁོས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རིང་ཤེས་རྟོགས་བྱུང་བར། རྒྱལ་ཁབ་དང་ས་གནས་སྲིད་གཞུང་གི་ངོས་ཐད་ནས་སྐད་རིགས་ཁག་ཅིག་ཁྱབ་སྤེལ་དང་སྲུང་སྐྱོང་གི་ལས་དོན་སྤེལ་ཡོད་མོད། འོན་ཀྱང་གྲངས་ཉུང་མི་རིགས་མང་ཚོགས་ལ་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པའི་ཧུར་སེམས་ཆེན་པོ་མེད་པ་དང་། སྲིད་ཇུས་བཟང་པོ་སྔར་བཞིན་དོན་ཐོག་ཏུ་འཁྱོལ་དཀའ་བ་རེད། གྲོང་ཁྱེར་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་བསྟུན། མི་རིགས་ཀྱི་རིག་གནས་སྣང་ཚུལ་ཅུང་ཞན་པའི་གྲོང་གསེབ་ས་ཁུལ་དུའང“ཀྲོང་སྐད་བཤད་པ་ནི་རྗེས་ལུས་ཡིན་པའི”འདོད་ཚུལ་ཞིག་ཡོངས་ཁྱབ་ཏུ་གནས་ཡོད། དེར་བརྟེན་ཁྱིམ་བདག་གིས་ཀྱང་བྱིས་པར་སྤྱི་སྐད་ཁོ་ན་ཁྲིད་ཀྱིན་འདུག

     ཀོང་ཞི་རོང་ཆུ་མའོ་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་མཱ་ཁུང་གིས་ཀྱང་སྦ་གསང་མེད་པར་བཤད་རྒྱུར། མའོ་རིགས་ལ་སྐད་མ་གཏོགས་ཡི་གེ་མེད་པས། དེ་དང་བསྡུར་ན་ཁྱབ་གདལ་གཏོང་རྒྱུ་ཧ་ཅང་དཀའ། ང་ཚོའི་མི་རབས་རྗེས་མ་མང་པོ་ཞིག་གིས་མའོ་རིགས་ཀྱི་སྐད་ཆ་གོ་ཐུབ་ཀྱི་མེད། དུས་ཆེན་གྱི་སྐབས་ཁོ་ནར་མའོ་རིགས་ཀྱི་གླུ་ཞིག་ལེན་ཤེས་པ་ཙམ་རེད་ཟེར།

     ཁང་རྙིང་ནང་མི་འདུག་པ་དང་མི་རིགས་ཀྱི་རྒྱན་གོས་མི་གྱོན་པས། རྟེན་རྫས་བཤམས་སྟོན་ཁང་ཁོ་ནས་དྲན་ཤེས་དེ་ཉར་ཚགས་བྱས་ཡོད། འོན་ཀྱང་སྐད་ཆ་བཤད་མཁན་མེད་པས་ཉམས་སོང་བ་ཡིན། བསྐྱར་གསོ་ཞིག་བྱ་དགོས་ཟེར་ན་ཧ་ཅང་ཁག་པོ་འདུག ཧྥན་དབྱི་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་རྒྱུན་འཛིན་བྱེད་པ་ནི་སྲུང་སྐྱོང་བྱེད་སྟངས་ཡག་ཤོས་ཡིན་པར་ངོས་འཛིན་བྱས་ཡོད།

     མའོ་ནན་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས28ཀྱི་གྲས་ཤིག་ཡིན། རྒྱལ་ཡོངས་ཀྱི་མའོ་ནན་རིགས་རང་སྐྱོང་རྫོང་གཅིག་པུར་ངེས་པའི་ཀོང་ཞིས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གིས་ལོ་འདི་དག་རིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཐད་ཚོད་ལྟ་ནུས་ལྡན་བྱས་ཡོད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་ཧོན་ཅང་རྫོང་གི་རྫོང་དཔོན་ཧོང་པིན་ཧྥིན་གྱིས་བཤད་རྒྱུར། ཧོན་ཅང་རྫོང་གིས་འབྲུག་དབྱེའི་དུས་ཆེན་སོགས་མི་རིགས་ཀྱི་དུས་ཆེན་བརྒྱུད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གོང་བུ་གཅིག་ཏུ་འགྲིལ་བས་མའོ་ནན་རིགས་ཀྱི་མི་རིགས་ཀྱི་མོས་སེམས་ཇེ་དྲག་ཏུ་སོང་ཡོད། མའོ་ནན་རིགས་འདུས་སྡོད་བྱེད་སའི་ཞ་ནན་ཞང་གི་སློབ་ཆུང་དུ་མའོ་ནན་སྐད་དང་སྤྱི་སྐད་ཟུང་འབྲེལ་གྱིས་སློབ་ཁྲིད་ལག་བསྟར་བྱེད་པ་དང་། མའོ་ནན་དམངས་གླུ་དང་ཞབས་བྲོ་སོགས་སློབ་རའི་ནང་འདྲེན་དགོས་ཚུལ་བཏོན།

     བྱིས་པར་ཆུང་དུས་ནས་མི་རིགས་རིག་གནས་ཀྱི་སློབ་གསོ་དང་ཤུགས་རྐྱེན་བཟང་བོ་ཐེབས་ཐུབ་པ་བྱེད་དགོས། ཁོང་ཚོས་ཕ་ཡུལ་ལ་བཅངས་པའི་དགའ་ཞེན་གསོ་སྐྱོང་བྱས་པ་བརྒྱུད། སློབ་སྦྱོང་གི་ནང་གནས་སྒུལ་ཤུགས་འཕེལ་བར་བྱ་དགོས་ཞེས་ཧོང་པིན་ཧྥིན་གྱིས་བཤད།

     ཧྥན་དབྱི་ཕིང་གིས་ཀྱང་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་སྐད་གཉིས་སློབ་ཁྲིད་ཁྱབ་སྤེལ་གཏོང་བ་ཕུད། ད་དུང་མི་རིགས་སྐད་ཡིག་དེ་སློབ་རིམ་འཕར་བའི་རྒྱུགས་ལེན་དང་། གཞུང་ཞབས་པ་བསྡུ་ལེན། གོ་མིང་ཞིབ་དཔྱད་གཏན་འཁེལ་སོགས་ཀྱི་རྣམ་པ་བརྒྱུད་ནས། ལམ་ལུགས་དང་སྲིད་ཇུས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་ཧུར་སེམས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན། 

     ཁོས་ད་དུང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་དང་རྒྱུན་འཛིན། ཞིབ་འཇུག་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆ་རྐྱེན་འཛོམས་པའི་མི་རིགས་སློབ་གྲྭ་ཆེན་མོ་དང་དགེ་འོས་སློབ་གྲྭ་ཆེན་མོ་སོགས་མཐོ་རིམ་སློབ་གྲྭ་ཆེན་མོ་རུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐད་ཀྱི་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉར་ཚགས་དང་བེད་སྤྱོད་བྱ་རྒྱུར“གཤིན་ས”མཁོ་འདོན་བྱ་རྒྱུའི་གྲོས་གཞི་ཡང་བཏོན་པ་རེད།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ནད་ཡམས་ཐོན་རིང་བོད་ལྗོངས་ཀྱི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་བྱུང་ཡོད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་འཐུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།