རང་ཁུལ་གྱི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།

དབྱངས་ཅན་གྱིས་བསྒྱུར།        2017-06-27

གྲོང་ཁྱེར་དང་གྲོང་གསེབ་བར་དུས་ཅིག་ཅར་དུ་སློབ་ཁྲིད་མཉམ་ཉན་བྱེད།

རང་རེའི་ཁུལ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མཉམ་འབྲེལ་དྲ་བ་བཀོལ་སྤྱོད་བྱེད་མཁན་གྱི་མིག་དཔེ་ལྟ་སར་གྱུར།

སློབ་གྲྭ་འཛུགས་པའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད། རང་ཁུལ་གྱིས་རིན་པ་མི་དགོས་པར་སློབ་ན་མ་སོན་གོང་གི་གཞུང་གཉེར་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ནས། ཁུལ་ཡོངས་སུ་བྱིས་པ་ཁང་དུ་ཡོད་པའི་བྱིས་པ27526ཡོད་པས 2015ལོ་ལས་མི་གྲངས1882མང་དུ་ཕྱིན་ནས་ཡོངས་ཁྱབ་ཏུ་ཁེབས་ཤིང་གཞི་རྩའི་འགན་སྲུང་བྱེད་པའི་སློབ་ན་མ་སོན་གོང་གི་རིན་པ་མི་དགོས་པའི་གཞུང་གཉེར་སློབ་གསོའི་སློབ་གྲྭ་འཛུགས་པའི་མ་ལག་ཞིག་ཆགས་པ་དང་།   འོས་འགན་སློབ་གསོའི་སློབ་མཚམས་འཇོག་མཁན་ཚོད་འཛིན་དང་སློབ་ལོར་རན་པའི་སློབ་མ་སློབ་གྲྭ་ཞུགས་ཐུབ་པར་ཁག་ཐེག་བྱེད་པའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས་ཞིང་། ཞིང་སྡེའི་ཆ་རྐྱེན་ཞན་པའི་སློབ་གྲྭ་ལེགས་བཅོས་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། འོས་འགན་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི13.2ལ་ཟིན་པར་བརྟེན། རྫོང་ཁོངས་ནང་གི་འོས་འགན་སློབ་གསོ་འདྲ་མཉམ་ངང་སློབ་གཉེར་བྱེད་ཐུབ་པའི་མ་ལག་རིམ་བཞིན་ཆགས་བཞིན་པ་རེད།   སྤྱིར་བཏང་གི་མཐོ་རིམ་སློབ་འབྲིང་གཅིག་བསྡུས་འཛུགས་གཉེར་བྱས་ནས་ཁུལ་ནང་གི་སློབ་གྲྭར་ཡོད་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ13364ཡོད་པས2015ལོ་ལས་བརྒྱ་ཆ10དངོས་སུ་འཕར་སྣོན་བྱུང་ནས་མཐོ་འབྲིང་སློབ་གསོ་འཛུགས་གཉེར་བྱེད་པའི་གཅིག་བསྡུས་མ་ལག་ཆགས་ཡོད་པ་རེད། བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་རིན་པ་མི་དགོས་པའི་སློབ་གསོའི་འཆར་གཞི་ལག་བསྟར་བྱས་ཏེ་སློབ་མ15500ལྷག་སྔོན་རྗེས་སུ་ནང་ལོག་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་དུ་བཅུག་ཡོད་པ་རེད།

སློབ་གསོ་ཆ་འཕྲིན་ཅན་དུ་འཕེལ་རྒྱས་ཇེ་མགྱོགས་གཏོང་བའི་ཐད། མིག་སྔར་རང་ཁུལ་གྱི་སློབ་གསོའི་དྲ་བ་སློབ་གྲྭ732ལ་ཁེབས་ནས་ཁུལ་ཡོངས་ཀྱི་སློབ་གྲྭའི་བསྡོམས་གྲངས་ཀྱི་བརྒྱ་ཆ87ལ་ཟིན་པས། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མཉམ་འབྲེལ་དྲ་བ་བེད་སྤྱོད་གཏོང་མཁན་གྱི་མིག་དཔེ་ལྟ་སར་གྱུར་པ་རེད། བྱིས་པ་ཁང་དུ་ལྟ་སྦྱོང་ཅན་དང་། སློབ་ཆུང་དུ་རྒྱང་བསྟན་སློབ་ཁྲིད་ཅན།དམའ་འབྲིང་དུ་སྒྲ་འཇུག་ཅན། མཐོ་འབྲིང་དུ་ཐད་གཏོང་ཅན་བཅས་རྒྱང་བསྟན་དྲྭ་ཐོག་སློབ་ཁྲིད་བྱས་པར་བརྒྱུད། ཆ་འཕྲིན་ལག་རྩལ་དང་། སློབ་ཁྲིད། སློབ་ཁྲིད་ཞིབ་འཇུག   དགེ་རྒན་གསོ་སྦྱོང་། སློབ་གྲྭ་དོ་དམ། སྤྱི་འབངས་ཀྱིས་བརྒྱུད་བསྒྲགས་བྱེད་པ་སོགས་ཀྱི་ཐད་མཉམ་འདྲེས་ཟབ་མོ་བྱས་དང་བྱེད་བཞིན་ཡོད་པ་རེད།

གཞི་ཁྱོན་ལྡན་པའི་སློབ་གྲྭ་འཛུགས་ཤིང་ཁྱད་ཆོས་ལྡན་པའི་སློབ་གསོ་བྱེད།

རང་ཁུལ་གྱི་སློབ་གསོ་ལྡུམ་ཁུལ་དང་པོས་ཞིབ་མོའི་བློ་ཡིས་སློབ་གསོའི་ཕྱོགས་བསྡུས་ཀྱི་གྲུབ་ཆ་བསྐྲུན།

འདས་པའི་ལོ་ལྔའི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་འགྱུར་བ་ལྟ་ཞེས་པའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་དེ་རང་ཁུལ་གྱི་སློབ་གསོའི་ལྡུམ་ཁུལ་དང་པོ་སྟེ་ཉག་ཆུ་རྫོང་མགར་ར་སློབ་གསོའི་ལྡུམ་ཁུལ་དུ་སྤེལ་བ་རེད། ལྡུམ་ཁུལ་དེ་ཉག་ཆུ་རྫོང་མགར་ར་ཤང་གི་ལྟེ་བའི་ས་ཁུལ་དུ་ཆགས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར2.9གཏོང་འཇོག་བྱས་ནས་ས་ཞིང་བཟུང་ཁྱོན་སྨི་གྲུ་བཞི་མ138000འཆར་འགོད་བྱས་ཡོད། 2012ལོ་ནས་བཟུང་དུས་ཡུན་ལོ10སྤྱད་ནས་རྫོང་ཁུལ་གྱི་རིམ་པ་མཐོ་དམའ་གཉིས་ལྡན་གྱི་སློབ་ཆུང་འཛུགས་གཉེར་བྱས་པ་དང་། ཉག་ཆུའི་སློབ་འབྲིང་།  གྲོང་ཁུལ་གསར་པའི་བྱིས་པ་ཁང་སོགས་སློབ་གྲྭ3གསར་དུ་བསྐྲུན་ཡོད། སློབ་གསོའི་ཕྱོགས་བསྡུས་གྲུབ་ཆ་འདིར་བྱིས་པ་ཁང་དང་།སློབ་ཆུང་། སློབ་འབྲིང་། ཏང་གི་སློབ་གྲྭ། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་ཀྱི་སྦྱོང་བརྡར་སློབ་གསོ་བཅས་འདུས་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན།   ཉག་ཆུ་རྫོང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོར་བསྟུན་ཏེ།  བསམ་བློའི་སློབ་གསོ་དང་།  བྱང་ཚད་རྒྱ་སྐྱེད་གཏོང་བ།  རིག་གནས་རོལ་རྩེད།  ཞབས་ཞུ་དོ་དམ་བཅས་ཕྱོགས་བཞིར་དམིགས་ཏེ་ཉག་ཆུ་རྫོང་མགར་ར་ཤང་གི་སློབ་གསོའི་ལྡུམ་ཁུལ་ཡག་པོ་བསྐྲུན་པ་དང་།  དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་སློབ་གསོ་གཙོ་གནད་རྫོང་དུ་བསྐྲུན་ཏེ་རང་ཁུལ་བྱང་རྒྱུད་ཀྱི་ཤེས་ལྡན་མི་སྣ་གཅིག་བསྡུས་སྐྱེལ་འདྲེན་བྱ་ཡུལ་དུ་གྱུར་གང་ཐུབ་བྱ་རྒྱུ་རེད།།     


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་བོད་སྨན་སྨན་རྫས་ཞིབ་འཇུག་གསར་བཟོ་བྱེད་པའི་བསམ་དོན་གྲུབ།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བརྒྱད་པའི་ཐེངས་དྲུག་པ་དང་བདུན་པའི་ལས་འཛིན་རྒྱས་འཛོམས་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།