མཚོ་སྔོན་གྱིས་བྱེད་ཐབས་བདུན་སྤྱད་ནས་དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག་ལས་ཞུགས་བྱེད་རོགས་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2020-04-09

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་དོན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་མི་སྤྱི་དང་ནོར་སྲིད། དེ་བཞིན་དུ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཚན་དང་མཉམ་དུ་སྲིད་ཇུས་བྱེད་ཐབས་བདུན་བཏོན་ཏེ། རིམས་ནད་བྱུང་ཚུལ་གྱིས་ཤུགས་རྐྱེན་ཐེབས་འོག   དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག་ལས་ཞུགས་དང་དུད་ཚང་ལ་ཐོན་ལས་འཕེལ་རྒྱས་དང་ཡོང་འབབ་འགན་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་སྤྱི་ཟླ4པ་ནས7པའི་བར་དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག་གཞན་སྒྱུར་བྱས་ནས་ལས་ཞུགས་བྱ་རྒྱུར་སྐུལ་མ་གཏང་ཆེད། དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག་འདི་ངལ་ལས་བར་ཁེ་བྱེད་མཁན་དང་སྤྱི་པའི་ལས་ཞུགས་ཤེས་ཡོན་ཞབས་ཕྱི་སྒྲིག་གཞི། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་སྒྲིག་གཞི་དང་ལས་རིགས་མཐུན་ཚོགས་སོགས་བརྒྱུད་ནས། རིགས་སྣ་ཚོགས་ཀྱི་ཁེ་ལས་སུ་ལས་ཞུགས་བྱེད་མཁན་དང་ཡང་ན་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྡོད་གནས་ཁྱིམ་གཞིས་ཁོར་ཡུག་ལེགས་བཅོས་བྱེད་སའི་ནང་ཞུགས་མཁན་གྱི་མི་རེ་རེར་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་རོགས་དངུལ་སྒོར1000རེ་སྤྲད་རྒྱུ་དང་། རིགས་སྣ་ཚོགས་ཀྱི་ཁེ་ལས་ཀྱིས་དུད་ཚང་དབུལ་པོའི་ངལ་རྩོལ་མི་ལག་བསྡུ་ལེན་བྱས་ནས་ལས་ཞུགས་བྱས་པར་མ་ཟད། ངལ་རྩོལ་གན་རྒྱ་བཞག་པའི་རིགས་ལ་མི་རེར་ཐེངས་གཅིག་ཅན་གྱི་ཁེ་ལས་ཀྱི་བྱ་དགའ་དངུལ་སྒོར1000སྤྲད་རྒྱུ་རེད།      

    


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དམངས་གཉེར་ལག་རྩལ་ལས་རིགས་སློབ་གྲྭ་ཐོག་མར་སྒོ་བྱང་བཀལ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས།
  • དོ་སྣང་ཆེ་བའི་རྩོམ།