སེ་ནེ་ཀལ་གྱི་ཙུང་ཐུང་ས་ལི་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ལ་ཐུག་འཕྲད་བྱས།

    བོད་ལྗོངས་འཕྲིན་དྲ།    2017-05-10

ས་དེའི་དུས་ཚོད་ཟླ་ལྔ་བའི་ཚེས་བརྒྱད་ཉིན། སེ་ནེ་ཀལ་གྱི་ཙུང་ཐུང་ས་ལི་ཡིས་ཏ་ཁར་ནས་འཚམས་འདྲི་སོང་བའི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ལ་ཐུག་འཕྲད་བྱས།

ལིས་ཡོན་ཁྲའོ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ས་ལི་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། ལིས་ཡོན་ཁྲའོ་ཡིས་བཤད་རྒྱུར། ཀྲུང་གོ་དང་སེ་ནེ་ཀལ་གཉིས་ནི་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་སེ་ནེ་ཀལ་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ངས་ཐེངས་འདིར་སེ་ནེ་ཀལ་ལ་འཚམས་འདྲི་ཡོང་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་སེ་ནེ་ཀལ་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་སྐྲུན་རྒྱུ་དེ་ཡིན་ཟེར།

ས་ལི་ཡིས་ཐོག་མར་ལིས་ཡོན་ཁྲའོ་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། སེ་ནེ་ཀལ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་སེ་ནེ་ཀལ་རང་ཉིད་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན། སེ་ནེ་ཀལ་གྱིས་དུས་དང་རྣམ་པ་ཀུན་དུ་ཀྲུང་གོ་དམིགས་བསལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། འདྲ་མཉམ་མཛའ་མཐུན་དང་མཐུན་སྒྲིལ་རོགས་ལས་ཀྱི་སྙིང་སྟོབས་ལྟར། ཀྲུང་གོ་དང་ལག་གདང་སྦྲེལ་ནས་ཡར་ཐོན་ཡོང་བར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས༢༠༡༧ལོའི་ཆུ་འབྲུབ་པའི་དུས་སྐབས་ཀྱི་ས་གཤིས་གནོད་སྐྱོན་ལ་འགོག་བཅོས་བྱེད་པའི་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར35བཏང་ནས་གྲོང་ཡུལ་རིམ་སྤོར་གཏང་རྒྱུའི་འཐབ་ཇུས་ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།