ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་གྲོས་ཚོགས་དར་མདོར་འཚོགས་པ།

ལྷ་འཛོམས་ཀྱིས་བསྒྱུར།        2017-05-08

ཟླ་བ4པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་མཁན་འཐུས་མི31བདམས་ཐོན་བྱུང་ཡོད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་། ཁུལ་ཨུའི་རྒྱུན་ཨུ་བྱམས་བློ་དང་ཀྲང་ཕིང་ཧྲེང་། ཀྲའོ་པོ། ཚུའེ་ཡུས་ཧྥུང་། ལིའུ་ཅེ་ཞང་། ཧྲུའུ་ཏ་ཁྲུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་ཚུའུ་དང་པོའི་ཚུའུ་ཀྲང་ཀྲོའུ་ཞའོ་ཡུན། ཞིང་ཆེན་ཏང་འཛུགས་སྐྱོང་གཞུང་ལས་ཁང་གི་དྲུང་ཡིག་ཚུའུ་ཡི་ཐན་ཙུའུ་ཁྲེང་ཚོགས་འདུར་ཞུགས་ཤིང་ཁྲིད་སྟོན་གནང་།

ཚོགས་འདུའི་ནང་ཞུགས་དགོས་པའི་འཐུས་མི201དང་དངོས་སུ་ཞུགས་པའི་འཐུས་མི158ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཐོག་ཚོགས་ཞུགས་འཐུས་མིསདཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་མཁན་འཐུས་མི་འདེམས་བསྐོ་བྱ་ཐབསའཆར་ཟིན)》དང་དཀར་མཛེས་ཁུལ་གྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་མཁན་འཐུས་མིའི་བདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མི། སྤྱི་ཁྱབ་འཛིན་བཤེར་དང་འཛིན་བཤེར་པའི་མིང་ཐོ་ལ་གྲོས་བསྡུར་བྱས་ནས་གྲོས་འཆམས་བྱུང་ཞིང་། ཚོགས་ཞུགས་འཐུས་མིས་ད་དུང་སྐབས་བརྗེའི་སྒྲིག་ཁྲིམས་དམ་པོ་བཟོ་རྒྱུའི་འབྲེལ་ཡོད་ཡིག་ཆ་སྦྱོང་བར་མ་ཟད། གཅིག་བསྡུས་ཀྱིས་ཉེན་བརྡའི་སློབ་གསོ་བརྙན་ཐུང་ལ་བལྟས་པ་རེད།

ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་མཁན་རང་ཁུལ་གྱི་འཐུས་མི31ནང་རིམ་པ་ཁག་གི་འགོ་ཁྲིད་ཀྱི་ལས་བྱེད་པ་ཡོད་ལ་ཐོན་སྐྱེད་དང་ལས་གནས་དང་པོའི་འཐུས་མིའང་ཡོད་པས། གྲུབ་གཞིའི་བསྡུར་ཚད་ཁག་ཞིང་ཆེན་ཏང་ཨུའི་བླང་བྱ་དང་མཐུན་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་དུས་ཚིགས་དང་པོའི་འགོ་ཡག་པོ་བརྩམས་ཡོད།
  • ལེ་ཚན་རྗེས་མ།:མཐུན་སྐྱིད་ཕྱུགས་རིགས་མཉམ་ལས་ཁང་གིས།།འབྲོག་དམངས་ཕྱུག་འགྱུར་ལམ་དུ་ཁྲིད་སོང་།།
  • དོ་སྣང་ཆེ་བའི་རྩོམ།