ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་དུས་ཚིགས་དང་པོའི་འགོ་ཡག་པོ་བརྩམས་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།        2017-05-08

ཉེ་ཆར།    ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཁུལ་བསྡོམས་རྩིས་ཅུས་སུ2017ལོའི་དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཁུལ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས2017ལོའི་དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་དུས་བབ་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

ད་ལོ་ནས་བཟུང་།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནན་ཏན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ།  བརྟན་པོའི་ཁྲོད་ཡར་བརྩོན་གྱི་ལས་ཀ་སྤྱིའི་ནང་དོན་སྙིང་པོ་བཟུང་ཞིང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བཏང་བ་དང་། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་ཤུགས་ཆེན་བཏང་བ།  འཕར་སྣོན་བརྟན་པོ་ཡོང་རྒྱུ་དང་མ་དངུལ་འཇོག་རྒྱུ། བསྒྱུར་བཅོས་ལ་སྐུལ་འདེད་དང་སྒོ་འབྱེད་རྒྱ་སྐྱེད།  མི་འདང་སར་ཁ་གསབ།  དམངས་འཚོར་ཕན་འདོགས་པ།  བརྟན་ལྷིང་འགན་ལེན། ཉེན་ཁ་སྔོན་འགོག་བཅས་ཀྱིས་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་དཔལ་འབྱོར་ཐད་འགོ་ཡག་པོ་བརྩམས་ཐུབ་པ་དང་དཔལ་འབྱོར་འཁོར་སྐྱོད་ཐད་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་དང་བརྟན་པོའི་ཁྲོད་འཕར་སྣོན་ཡོང་བ་དང་བརྟན་ཐོག་ཡར་བརྩོན་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་ཐུང་ངུ་།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་གྲོས་ཚོགས་དར་མདོར་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།