ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-04-25

སྤྱི་ཟླ4པའི་ཚེས13ཉིན།  ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་པ་རེད།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།  ཁོང་གིས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་ཨུས་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པའི་ཐད་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་འགན་ནུས་སྒྲུབ་འགན་འཁུར་དགོས།  ཁྲིམས་ལྟར་སྲིད་འཛིན་ཟབ་སྤེལ་བཏང་ནས་ཁུལ་ཡོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་ཀར་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་བསྟན་དོན།  ཉེ་བའི་ལོ་ཤས་རིང་ལ་ཁུལ་ཡོངས་ཀྱི་རིམ་པ་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ།  ལས་བྱེད་པའི་བྱང་ཚད་དང་འཇོན་ནུས་ཇེ་དྲག་ཏུ་གཏོང་བའི་ལས་གཞི་དང་ཟུང་འབྲེལ་བྱས་པ་དང་།  སྔོན་ཐོན་ཚད་གཞི་དང་བསྡུར་བ།  ཧེ་བག་ཞིབ་བསྡུར།  རང་ཉིད་ཀྱིས་ལས་འགན་སྒྲུབ་ཐུབ་པ་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་ངོས་འཛིན་རྩིས་ལེན།  ལས་འགན་གྱི་ཡིག་ཐོ་དང་ལམ་ཐིག་རི་མོ། དུས་ཚོད་ཀྱི་རེའུ་མིག་བཅས་ཁ་གསལ་ཡོང་བ་བྱས་ཏེ།  དག་ཐེར་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱ་དགོས།

ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན།  ཁུལ་ཡོངས་ཀྱི་རིམ་པ་དང་སྡེ་ཚན་ཁག་གིས་སྔར་ལས་ལྷག་པར་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་ཡག་པོ་བྱས་ནས།  འགན་འཁྲི་འཁུར་མཁན་དང་པོའི་འགན་ནུས་ཏན་ཏིག་བྱེད་པ་དང་།  སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ།  ཁྲིམས་ལུགས་དཔུང་སྡེའི་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ།  ལས་དོན་ཁག་དོན་འཁྱོལ་དང་དངོས་ཕན་ཐོབ་པར་འགན་ལེན་བྱ་དགོས།

ཁུལ་ཨུའི་རྒྱུན་ཨུ།  ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོས་ཚོགས་འདུའི་གཙོ་འགན་བཞེས་པ་དང་།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲན་གྱིས2016ལོའི་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་དང་ཐའེ་ཝན་ལས་དོན་གྱི་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:སྒོག་པ་འཛུགས་སྟངས་སྦྱངས་ནས་ཡོང་འབབ་འཕར་ཐབས་བྱས།
  • དོ་སྣང་ཆེ་བའི་རྩོམ།