ཁུལ་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་དང་ཐའེ་ཝན་ལས་དོན་གྱི་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-04-25

སྤྱི་ཟླ4པའི་ཚེས13ཉིན།  ཁུལ་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་དང་ཐའེ་ཝན་ལས་དོན་གྱི་ཚོགས་འདུ་དར་མདོར་འཚོགས་པ་རེད།  ཚོགས་འདུའི་ཐོག2016ལོར་ཁུལ་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་དང་ཐའེ་ཝན་ལས་དོན་གྱི་གནས་ཚུལ་ལ་ཕྱི་མིག་ལྟ་བ་དང་ཕྱོགས་བསྡོམས་བྱས་པ་རེད། 2017ལོའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།  ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད།  2017ལོའི་ཁུལ་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་དང་ཐའེ་ཝན་ལས་དོན་ལེགས་པོ་སྒྲུབ་རྒྱུའི་ཐད་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན།  འདས་པའི་ལི་གཅིག་གི་རིང་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྲ་བརྟན་གྱི་འགོ་ཁྲིད་འོག་དང་གོང་རིམ་ལས་སྒོའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིད་སྟོན་འོག  ཁུལ་ཡོངས་ཀྱི་ཕྱི་དོན་ཁོངས་གཏོགས་ཏན་ཏིག་བྱས་ཏེ་བསམ་བློ་ངོས་འཛིན་དེ་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་ཨུའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཤིང་།  ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་ལས་དོན་དོ་དམ་བྱ་རྒྱུ་ཡིས་རྨང་གཞི་བྱས་པ་དང་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱིས་གཙོ་ཁྲིད་བྱེད་པ། ཉམས་མྱོང་སྤེལ་རེས་བྱས་པའི་བྱེད་སྒོ་གལ་ཆེན་དམ་འཛིན་ཡག་པོ་བྱས་ནས་སྔར་ལྷག་གིས་ལས་ཀའི་བྱེད་ཐབས་གསར་གཏོད་དང་།  ལས་དོན་གྱི་ཁྱབ་ཁོངས་རྒྱ་སྐྱེད།  ལས་ཀའི་ཕན་འབྲས་ཆེ་རུ་བཏང་ནས་བོད་འབྲེལ་ཕྱི་དོན་ལས་དོན་གྱི་བདེ་འཇགས་སྲུང་སྐྱོང་འགན་ལེན་ནུས་ལྡན་གྱི་བྱས་པ་དང་།  བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་སྒོ་ནུས་ལྡན་སྤེལ་བ།  སྡེ་ཚན་གྱིས་ཞབས་ཞུའི་འགན་ནུས་ནུས་ལྡན་གྱིས་འདོན་སྤེལ་བྱས་ནས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་རེད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན།  2017ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་ཐུབ་པར་ཐག་གཅོད་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ།  ཁུལ་ཨུའི་འབྱོར་འབྲིང་དྲུག་དང་བཞི་ལྡན་དཀར་མཛེས་ཁུལ་བསྐྲུན་རྒྱུའི་དམིགས་འབེན་གསར་པ་ཞིག་འགོ་ཚུགས་པའི་ལོའང་ཡིན་ཞིང་།  ཁུལ་ཡོངས་ཀྱི་ཕྱི་དོན་ཁོངས་གཏོགས་ཀྱིས་ཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་འབེན་གཅིག་དང་གནད་འགག་གཉིས།  དོན་ཆེན་གསུམ།  འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་གི་ལྟེ་གནས་ལ་དམིགས་ནས།  རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཕྱི་འབྲེལ་དོན་ཆེན་དང་ཁུལ་ཡོངས་ཀྱིས་དམངས་འཚོ་བརྟན་བརླིང་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན།  ཤང་ཀང་དང་ཨའོ་མོན་ཐའེ་ཝན་གསུམ་གྱི་ལས་དོན་དངོས་སུ་དམ་འཛིན་བྱ་ཆེད། མ་སྐུལ་དང་བླངས་ཀྱིས་ལས་དོན་སྒྲུབ་པར་འབད་བརྩོན་བྱ་དགོས།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བཞི་པ་གཙོ་སྐྱོང་གནང་།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།