རང་ཁུལ་གྱིས་གནས་སྐབས་འབྲུ་སྣུམ་གྲུབ་མ་གསོག་ཉར་གྱི་གསར་འཕར་ལས་འགན་ཚད་བརྒལ་ལེགས་སྒྲུབ་བྱས།

བདེ་སྐྱིད་ཀྱིས།        2020-03-09

    གསར་འགོད་པས་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་འགོ་ནས་རང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་ཏང་ཀྲུང་དབྱང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་སྔར་བས་དོན་འཁྱོལ་བྱས་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་འཚུབ་བསྟུན་འགན་སྲུང་མ་ལག་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་དགོས་པའི་སྐོར་གྱི་བརྡ་ཐོ་བརྒྱུད་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ་》ནང་བཏོན་པའི་བླང་བྱ་ལྟར། ཞིང་ཆེན་གྱིས་གཤམ་སྤྲད་བྱས་པའི་གནས་སྐབས་འབྲུ་སྣུམ་གྲུབ་མ་གསོག་ཉར་གསར་འཕར་ལས་འགན་ཏུན2400དང་ཐུམ་སྒྲིལ་ཆུང་གྲས་ཀྱི་རྩི་ཤིང་གི་འབྲུ་མར་ཏུན240ཡི་ལས་འགན་རྫོང་ཁག་ལ་དུས་ཐོག་ཏུ་གཤམ་སྤྲོད་བྱས་པ་རེད། རྫོང﹙གྲོང་ཁྱེར﹚ཁག་གིས་མཐོང་ཆེན་ཆེན་པོ་བྱས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ་འབྲུ་སྣུམ་གྲུབ་མ་གསོག་ཉར་གྱི་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད་པ་རེད།

     སྤྱི་ཟླ2པའི་ཟླ་མཇུག་བར་རང་ཁུལ་གྱི་གཞུང་ཁོངས་འབྲུ་རིགས་ཉོ་ཚོང་ཁེ་ལས19ཡིས་འབྲུ་རིགས་ཏུན3209﹙འབྲས་ཏུན1854དང་གྲོ་ཞིབ་ཏུན1213 འཐེན་ཐུག་ཏུན124 ནས་ཏུན18﹚ཐུམ་སྒྲིལ་ཆུང་གྲས་འབྲུ་མར་ཏུན265བཅས་ནང་འདྲེན་བྱས་པ་རེད། མིག་སྔར་རང་ཁུལ་གྱི་མཛོད་ཉར་འབྲུ་རིགས་ཏུན36382དང་།﹙འབྲུ་རིགས་གྲུབ་མ་ཏུན17282དང་བཟོ་སྣོན་བྱས་མེད་པའི་འབྲུ་རིགས་ཏུན19100﹚བཟའ་སྣུམ་ཏུན946ཡོད། ད་ཆ་འབྲུ་རིགས་གྲུབ་མ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི37.9ལ་ཟླ་བ3གྱི་བཟའ་འབྲུ་མཁོ་འདོན་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་རང་ཁུལ་གྱི་རྫོང﹙གྲོང་ཁྱེར﹚ཁག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་ཐོན་ཟོག་འབྲུ་སྣུམ་མཛོད་ཉར་འདང་ངེས་བྱས་ཏེ། འབྲུ་སྣུམ་མཁོ་སྤྲོད་རྒྱུན་མི་ཆད་པར་བྱ་རྒྱུ་དང་བྲིན་ཁ་རྒྱུག་པོ་ཡོང་བའི་འགན་ལེན་བྱས་པ་རེད།།

                      

 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་གཉེར་བའི་དཀའ་ངལ་སེལ།
  • ལེ་ཚན་རྗེས་མ།:གནས་ཚུལ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།