ཡུན་མི་རིང་བར་དར་མདོ་ནས་ཁྲེན་ཏུའུ་བར་ཆུ་ཚོད་བཞི་ལས་མི་འགོར།

        2017-04-07


ཡུན་མི་རིང་བར་དར་མདོ་ནས་ཁྲེན་ཏུའུ་བར་ཆུ་ཚོད་བཞི་ལས་མི་འགོར།


 གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཐད་ཀར་དཀར་མཛེས་ཁུལ་དུ་སླེབས་པའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་ཞིང་།

གཞུང་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ135ཡོད་པ་དང་། དེ་ལས་ཟམ་པ129སྟེ་སྤྱི་ལེ36.176དང་། ཕུག་ལམ44སྟེ་སྤྱི་ལེ73.182ཡོད་པ་སྟེ། ཟམ་པ་དང་ཕུག་ལམ་གྱི་རིང་ཚད་བརྒྱ་ཆ82ལ་ཟིན་པ་དང་། འདི་ནི་རྒྱལ་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ཆེས་མཐོ་ཞིང་འཛུགས་སྐྲུན་བྱེད་པར་དཀའ་ངལ་ཆེས་ཆེ་བའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པ་རེད།

ཡུན་མི་རིང་བར་དར་མདོ་ནས་ཁྲེན་ཏུའུ་བར་ཆུ་ཚོད་བཞི་ལས་མི་འགོར།


      གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་འདི2018ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དང་། ཁྲེན་ཏུའུ་ནས་དར་མདོའི་བར་ཆུ་ཚོད4ལས་མི་དགོས་ཤིང་ད་ལྟ་དང་བསྡུར་ན་མ་མཐའ་ཡང་ཆུ་ཚོད་གཉིས་ཀྱི་དུས་ཡུན་ཇེ་ཐུང་དུ་འགྲོ་རྒྱུ་རེད།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱའི་ཆེད་དོན་འཆད་ཁྲིད་སྤེལ།
  • ལེ་ཚན་རྗེས་མ།:༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།
  • དོ་སྣང་ཆེ་བའི་རྩོམ།