རོང་བྲག་རྫོང་ཁྲིམས་ཁང་གིས་བྱེད་ཐབས་གསར་གཏོད་བྱས་ཏེ་ཞིང་པར་ཡོང་འབབ་འཕར་ཐབས་འཚོལ།

དབྱངས་ཅན་གྱིས་བསྒྱུར།        2017-03-28

དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་སྤེལ་བ་ནས་བཟུང་རོང་བྲག་རྫོང་ཁྲིམས་ཁང་གིས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གལ་ཆེ་བའི་གྲོས་རིམ་ཉིན་ཐོའི་ནང་བཞག་ནས། འགན་འཁྲི་གསལ་པོ་དང་། ལས་འགན་དོན་འཁྱོལ། བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱེད་ཅིང་། སྒྲིག་འཛུགས་དང་ལག་བསྟར་ནན་པོར་བྱས་ཏེ་དབུལ་སྐྱོར་བྱ་ཐབས་འཚོལ་ཞིབ་དང་གསར་གཏོད་བྱེད་གང་ཐུབ་བྱས་ནས་དབུལ་ཕོངས་མང་ཚོགས་ལ་ལས་སྐྲུན་གྱི་ཐབས་ལམ་བཙལ་བ་རེད།

འབྲེལ་འདྲིས་བྱེད་ཡུལ་དུ་གྱུར་པའི་དབུལ་ཕོངས་གྲོང་སྡེ་འགོ་མ་གྲོང་སྡེའི་ས་བབ་མཐོ་ཞིང་ཆུའི་ཐོན་ཁུངས་ཧ་ཅང་དཀོན་པས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་མི་འཕྲོད་བའི་དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ནས། ཁྲིམས་ཁང་དེས་ཐབས་ལམ་བཙལ་གང་ཐུབ་བྱས་ཏེ། འགོ་མ་གྲོང་སྡེའི་དབུལ་ཕོངས་ཁྱིམ་ཚང་བློ་ཐར་ལ་སྔོན་རྗེས་སུ་བྱ་ཕྲུག70དང་སྨི150ཡོད་པའི་བྱ་འཚོ་སའི་སྐྱོར་ར་ཉོས་ནས་ཚོད་ལྟ་གསོ་ཚགས་བྱ་བཅུག་པ་རེད། ས་གནས་ཀྱི་བྱ་རིགས་གསོ་སྤེལ་བྱས་ནས་ཡོང་འབབ་བཙལ་ཐུབ་པར་ཚོད་ལྟ་བྱས་ནས་གྲོང་སྡེ་ཡོངས་རྫོགས་རིམ་བཞིན་དབུལ་ཐར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱས། དུས་ཡུན་མི་རིང་བའི་སྔོན་དུ་བྱ་ཕྲུག་དེ་དག་དང་བྱ་འཚོ་སའི་སྐྱོར་ར་དང་བཅས་སྤྲོ་སྣང་ཤང་འགོ་མ་གྲོང་སྡེའི་དབུལ་ཕོངས་ཁྱིམ་ཚང་བློ་ཐར་གྱི་ཁྱིམ་དུ་བསྐྱལ་སྐབས། བློ་ཐར་གྱིས་མཐེ་བོང་བསྒྲེངས་ནས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ང་རང་གིས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་བྱ་ཡག་པོ་འཚོས་ནས་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་དུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་རྡལ་དང་གྲོང་སྡེའི་ཡུལ་དམངས་ཡོང་འབབ་མགྱོགས་འཕར་ཡོང་བ།
  • ལེ་ཚན་རྗེས་མ།:ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།