ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོགས།

        2017-03-28

ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོགས།

     ཟླ་བ3པའི་ཚེས27ཉིན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བཅས་གྲོས་ཚོགས་སུ་ཞུགས་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་སྐབས་བཅུ་པའི་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་གཙོ་བོ་ཁོང་དུ་ཆུད་དགོས་པ་དང་། གཉིས་ནི་ཆབ་སྲིད་བསམ་བློའི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྒྲིག་ལམ་ལུགས་སྲོལ་ཡག་པོ་བསྲུང་དགོས། གསུམ་ནི་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ལམ་ནན་གཅུན་བྱ་རྒྱུར་ཤུགས་ཆད་མེད་བརྒྱབ་ནས་སྲིད་ཞུགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། བཞི་ནི་སེམས་ཐག་གཙང་བཅད་ཀྱིས་རུལ་སུངས་ལ་ཆད་གཅོད་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། ལྔ་ནི་འགན་འཁྲི་གཉིས་དོན་ཐོག་འཁྱོལ་བར་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་དགོས།

ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྔར་ལྷག་གིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་ཀ་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་གཏོང་བ་དང་། ཁུལ་ཨུའི་དམིགས་དབེན་གཅིག་དང་གནད་འགག་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ལྟར་སྔར་ལྷག་གིས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཅིང་། ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་དཔུང་སྡེ་དོ་དམ་ནན་པོར་བྱེད་ཅིང་། དཀར་མཛེས་ཁུལ་གྱི་སྲོལ་གཙང་ལུགས་དྲང་དང་སྤྱོད་གཙང་དོན་གཉེར་བྱ་རྒྱུར་དང་དོད་བྱེད་པ། བྱ་གཞག་སྒྲུབ་ཅིང་གསར་སྐྲུན་ལ་འབད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་དེ་རྒྱུན་མཐུད་ནས་སྲ་བརྟན་འཕེལ་རྒྱས་བཏང་སྟེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ཆེད་དུ་སྲ་བརྟན་གྱི་ཆབ་སྲིད་དང་སྒྲིག་ལམ་གྱི་འགན་སྲུང་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

   འབྲེལ་ཡོད་མི་སྣ་གྲོས་ཚོགས་སུ་ཞུགས། 


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་ཁྲིམས་ཁང་གིས་བྱེད་ཐབས་གསར་གཏོད་བྱས་ཏེ་ཞིང་པར་ཡོང་འབབ་འཕར་ཐབས་འཚོལ།
  • ལེ་ཚན་རྗེས་མ།:ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།