སྡེ་དགེ་རྫོང་གིས་ཐོན་རྫས་རྫུན་མ་དང་སྤུས་ཞན་ཁག་ཅིག་གཅིག་བསྡུས་ཀྱིས་མེད་པར་བཟོས།

དངོས་སྦྱོང་སློབ་མ་འཇམ་དབྱངས་དཔལ་ལྡན་གྱིས་བསྒྱུར།    མི་དམངས་དྲ་བ།    2017-03-20

      སྤྱི་ཟླ3པའི་ཚེས15ཉིན། སྡེ་དགེ་རྫོང་གི་ཟས་རིགས་དང་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་དེའི་ཁྲིམས་འཛིན་ཅུས་དང་དུ་བ་ཆེད་ཚོང་ཅུས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ལྟེ་གནས་བཅས་དང་མཉམ་འབྲེལ་བྱས་ནས་རྫུན་མ་དང་སྤུས་ཞན་དུས་ཡོལ་གྱི་ཐོན་རྫས་ཁག་ཅིག་གཅིག་བསྡུས་ཀྱིས་མེད་པར་བཟོས་པ་རེད།

      བྱེད་སྒོའི་ཁྲོད་གཅིག་བསྡུས་ཀྱིས་ཞོར་ཟས་དང་བཟའ་སྣུམ། སྐོམ་ཆུ། རྩིས་སྤྲོད་དོ་དམ་མིན་པའི་སྨན་རྫས། འོད་སྡེར་སོགས་རིགས་ལྔའི་དངོས་རྫས་ཁྱོན་བསྡོམས2000ལྷག་དང་རྫུན་མ་དང་སྤུས་ཞན་དུས་ཡོལ་གྱི་ཐོན་རྫས་རྒྱ་མ1200ལྷག་མེད་པར་བཟོས། ཟས་དུག་འགོག་པའི་དྲིལ་བསྒྲགས་འགེལ་རིས་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་ཤེས་བྱ་གནད་བསྡུས། ཡིད་རྟོན་ཉོ་ཚོང་དྲིལ་བསྒྲགས་ལག་དེབ་བཅས་དྲིལ་བསྒྲགས་ཡིག་ཆ2000ལྷག་བཀྲམ་པ་རེད། རྫོང་དེའི་ཟས་རིགས་དང་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲོམ་ར་མ་རྐང་ཁང་གི་འགོ་འཛིན་ཡུས་ཅན་པོས་གསར་འགོད་པ་ལ་བཤད་པ་ལྟར་ན། ན་ནིང་ཅུས་དེའི་ཟས་རིགས་དང་སྨན་རྫས་བདེ་འཇགས་སྲུང་སྐྱོང་ཐད་བཟོ་ཚོང་སྲིད་འཛིན་གྱོད་དོན40ཐག་བཅད་པ་དང་རིམ་བརྩིས་བྱས་ན་ཆད་དངུལ་སྒོར་ཁྲི21.6བཅད་ཅིང་། ཟས་རིགས་ཀྱི་ཁྲིམས་འགལ་གྱོད་དོན8ཞིབ་བཤེར་ཐག་གཅོད་བྱས་ཤིང་། ཉེས་ཆད་དངུལ་སྒོར་ཁྲི5.33དང་ཚད་ལ་སླེབས་མེད་པའི་ཟས་རིགས་སྤྱི་རྒྱ100ལྷག་གཞུང་བཞེས་སུ་བཏང་བ་དང་། རྫོང་ཁུལ་གྱི་དཔང་ཡིག་མེད་པའི་བཟའ་བཏུང་ཞབས་ཞུའི་སྡེ་ཚན48ལ་འགན་དཀྲི་ཡོ་བསྲང་བྱེད་པའི་བརྡ་ཐོ་བཏང་། ཐེངས་མང་ཞིང་དོ་དམ་ནན་པོ་བྱས་པར་བརྒྱུད། རྫོང་ཁུལ་ས་ཁོངས་ཀྱི་ཟས་རིགས་དང་སྨན་རྫས་ཉེན་མེད་ཁོར་ཡུལ་ཇེ་ལེགས་སུ་སོང་ཡོད་ཀྱང་། གྲོང་གསེབ་ཏུ་རྫུན་མ་དང་སྤུས་ཞན་དུས་ཡོལ་གྱི་ཐོན་རྫས་ཧ་ཅང་མང་པོ་བྱུང་བ་རེད། དེ་ནི་འབྲེལ་ཡོད་སྡེ་ཁག་གིས་ཐེངས་རྗེས་མའི་འཆར་གཞིའི་ཁྲོད་ཐག་གཅོད་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།།


  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།